བོད་ལྗོངས་ཀྱིས་སློབ་རའི་གནམ་གཤིས་བརྟག་དཔྱད་དཔེ་སྟོན་ས་ཚིགས་སྐོར་དང་པོ་བཙུགས།

    ཀྲུང་གོ་བོད་ཀྱི་དྲ་བ།    2014-10-31

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉེ་སྔོན།བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་རའི་གནམ་གཤིས་བརྟག་དཔྱད་དཔེ་སྟོན་ས་ཚིགས་ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་ཨང་བརྒྱད་པ་ནས་བཙུགས་ཤིང་། དེ་ལས་བོད་ལྗོངས་ཀྱི་སྐོར་དང་པོའི་སློབ་གྲྭ་འབྲིང་ཆུང་གི་སློབ་རའི་གནམ་གཤིས་བརྟག་དཔྱད་དཔེ་སྟོན་ས་ཚིགས5ལེགས་འགྲུབ་བྱུང་ནས་དངོས་སུ་འཁོར་སྐྱོད་བྱེད་འགོ་ཚུགས་པ་མཚོན།

    རྒྱུས་ལོན་བྱུང་བ་ལྟར་ན།འདིའི་སྔོན་ལ་རྒྱལ་ཡོངས་སུ་སློབ་རའི་གནམ་གཤིས་བརྟག་དཔྱད་ས་ཚིགས1063ཡོད་པའི་ཁྲོད། བོད་ལྗོངས་ལ་སློབ་རའི་གནམ་གཤིས་བརྟག་དཔྱད་ས་ཚིགས་གཅིག་ཀྱང་མེད། དེ་ལས་བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་གནམ་གཤིས་བརྟག་དཔྱད་སྐོར་གྱི་ཚན་རིག་ཁྱབ་གདལ་ཐོན་ཁུངས་དཀོན་པ་དང་། ཐབས་ལམ་སྣ་གཅིག་ཡིན་པ། བྱེད་སྟངས་རྗེས་ལུས་ཡིན་པས། གནམ་གཤིས་བརྟག་དཔྱད་སྐོར་གྱི་ཚན་རིག་ཤེས་བྱའི་ཁྱབ་རྒྱ་ཆུང་ཞིང་།སློབ་མའི་དགོས་མཁོ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་མི་ཐུབ། གནས་བབ་དེ་བཅོས་སྒྱུར་བྱ་ཆེད། ད་ལོར་བོད་ལྗོངས་ཀྱི་གནམ་གཤིས་བརྟག་དཔྱད་སློབ་ཚོགས་ཀྱིས་ཀྲུང་གོའི་གནམ་གཤིས་བརྟག་དཔྱད་སྐོར་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བའི་འཛུགས་སྐྲུན་རྣམ་གྲངས་ལ་བརྟེན་ནས།ལྗོངས་ནང་ཁུལ་དུ་གནམ་གཤིས་བརྟག་དཔྱད་སྐོར་གྱི་ཚན་རིག་ཤེས་བྱ་ཁྱབ་སྤེལ་གཏོང་བའི་རྨང་གཞི་ཡོད་པའི་སློབ་གྲྭ་འབྲིང་ཆུང5ལ་རྒྱབ་སྐྱོར་ཆེན་པོ་བྱས་ནས་སློབ་རའི་གནམ་གཤིས་བརྟག་དཔྱད་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་བྱས།

    གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།སྤྱི་དམངས་ཡོངས་ལ་གནམ་གཤིས་སྐོར་གྱི་གནོད་འཚེ་སྔོན་འགོག་དང་།གེགས་སེལ་ཕན་འདོགས།རང་སྲོག་སྐྱོབ་པ་དང་ཕན་ཚུན་བར་སྲོག་སྐྱོབ་པའི་ཤེས་བྱ་རྒྱུས་ལོན་དང་ནུས་བ་ངོས་འཛིན་བྱེད་དུ་འཇུག་ཆེད།རྗེས་ཕྱོགས་བོད་ལྗོངས་ཀྱི་གནམ་གཤིས་བརྟག་དཔྱད་སློབ་ཚོགས་ཀྱིས་སློབ་རའི་གནམ་གཤིས་བརྟག་དཔྱད་ས་ཚིགས་དེ་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་ཁྱབ་གདལ་གཏོང་རྒྱུ་ཡིན་པ་མ་ཟད།མ་དངུལ་གཏོང་ཚད་དང་མི་ཤུགས་ཇེ་ཆེར་བཏང་སྟེ་སྡེ་ཁུལ་དུ་གནམ་གཤིས་བརྟག་དཔྱད་སྐོར་གྱི་ཚན་རིག་ཁྱབ་སྤེལ་ས་ཚིགས་འཛུགས་སྐྲུན་བྱེད་རྒྱུ་རེད།  །

  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས།
  • ལེ་ཚན་རྗེས་མ།:འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཆན་ཧྥུ་220ཡི་གློག་སྒྱུར་ས་ཚིགས་བོད་ལྗོངས་ཆབ་མདོར་ལེགས་གྲུབ་ཟིན་པ།
  • དོ་སྣང་ཆེ་བའི་རྩོམ།