མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོའི་བོད་ཀྱི་དྲ་བ།    2014-10-31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གནས་སྐོར་བཅའ་ཁྲིམསདང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིགནས་སྐོར་ལས་རིགས་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བྱས་པའི་བསམ་འཆར་འགའགཉིས་ལག་ལེན་མཐར་ཕྱིན་བྱེད་པ་དང་།  འབྲེལ་ཡོད་སྡེ་ཁག་བར་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་ནས་རང་ཞིང་གི་གནས་སྐོར་ལས་རིགས་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་ཆེད།  ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོལ་པ་བརྒྱུད། ཉེ་ལམ། མཚོ་སྔོན་ཞིང་ཆེན་གནས་སྐོར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་དངོས་སུ་བཙུགས།

མཚོ་སྔོན་ཞིང་ཆེན་གནས་སྐོར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ཞིང་ཆེན་ཏང་ཨུ་དང་།ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་གནས་སྐོར་བྱ་བར་གཅིག་གྱུར་མཐུན་སྦྱོར་བྱེད་པ་དང་། ཞིང་ཆེན་གནས་སྐོར་བྱ་བར་ཆེ་ཕྱོགས་ནས་མཛུབ་སྟོན་བྱེད་པ།གནས་སྐོར་ལས་རིགས་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྲིད་ཇུས་བྱེད་ཐབས་འདོན་པ།  གནས་སྐོར་ལས་རིགས་བཅོས་བསྒྱུར་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱེད་པ་དང་གནས་སྐོར་ལས་རིགས་བཅོས་བསྒྱུར་འཕེལ་རྒྱས་ཁྲོད་ཀྱི་བྱ་བ་གཞན་དག་ཞིབ་འཇུག་བྱེད་པ།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མངགས་བཅོལ་བྱེད་པའི་བྱ་བ་གཞན་དག་ལག་བསྟར་བྱེད་པ་བཅས་ཡིན།  མཉམ་འབྲེལ་གྲོས་ཚོགས་ལ་ཁོངས་མི་ལས་ཁུངས30ལྷག་ཡོད་པ་དང་།  གཞུང་སྒྲུབ་ཁང་ཞིང་ཆེན་གནས་སྐོར་ཅུའུ་ནས་བཙུགས་ཡོད་པ་དང་མཉམ་འབྲེལ་གྲོས་ཚོགས་རྒྱུན་ལྡན་གྱི་བྱ་བའི་འགན་ཁུར་ཡོད།  ། 

  • ལེ་ཚན་སྔོན་མ།:《བོད་རྒྱའི་ལས་རིགས་ལག་རྩལ་རྒྱུན་བཀོལ་བརྡ་ཆད་སློབ་སྦྱོང་ལག་དེབ》འགྲེམ་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་སློབ་རའི་གནམ་གཤིས་བརྟག་དཔྱད་དཔེ་སྟོན་ས་ཚིགས་སྐོར་དང་པོ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།