《བོད་རྒྱའི་ལས་རིགས་ལག་རྩལ་རྒྱུན་བཀོལ་བརྡ་ཆད་སློབ་སྦྱོང་ལག་དེབ》འགྲེམ་སྤེལ་བྱས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོའི་བོད་ཀྱི་དྲ་བ།    2014-10-31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།  མཚོ་སྔོན་ཞིང་ཆེན་ལས་རིགས་ལག་རྩལ་གསལ་འབྱེད་མཛུབ་སྟོན་ལྟེ་གནས་ཀྱིས་རྩོམ་སྒྲིག་བྱས་པའིབོད་རྒྱའི་ལས་རིགས་ལག་རྩལ་རྒྱུན་བཀོལ་བརྡ་ཆད་སློབ་སྦྱོང་ལག་དེབཀྲུང་གོའི་ངལ་རྩོལ་སྤྱི་ཚོགས་འགན་སྲུང་པར་བསྐྲུན་ཁང་གིས་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་འགྲེམ་སྤེལ་བྱས། སློབ་སྦྱོང་ལག་དེབའགྲེམ་སྤེལ་བྱས་པ་དེས་ཉེ་བའི་ལོ་འགའི་རིང་རྒྱལ་ཁབ་ཀྱི་བོད་ཡིག་ཚིག་མཛོད་འཛུགས་སྐྲུན་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལས་རིགས་ཞིབ་བཤེར་ཚད་ལྡན་དུ་གཏོང་བའི་སྤྱི་བསྡོམས་ཐེངས་ཤིག་ཡིན་པ་དང་། གྲངས་ཉུང་མི་རིགས་ཀྱི་ལག་རྩལ་ངལ་རྩོལ་བ་ཞིག་ཡིན་པའི་ཆ་ནས་ལས་རིགས་གསོ་སྦྱོང་དང་ལག་རྩལ་གསལ་འབྱེད་ཐད་ནས་མཐུན་རྐྱེན་ལེགས་པོ་སྐྲུན་པ་དང་།  རྒྱལ་ཡོངས་བོད་ཁུལ་གྱི་ངལ་རྩལ་བའི་ལག་རྩལ་མཐོར་འདེགས་བྱུང་བར་སྐུལ་འདེད་བྱས་པ་རེད།

སློབ་སྦྱོང་ལག་དེབནི་ཞིང་ཆེན་གསལ་འབྱེད་ལྟེ་གནས་ཀྱིས་ཞིང་ཆེན་ནང་ཁུལ་གྱི་བོད་རིགས་ཆེད་ལས་མཁས་པ་དང་མཁས་པ་རྩ་འཛུགས་བྱས་ཏེ།ལོ་མང་པོའི་རིང་ལོ་ཙྰའི་བྱ་བ་གཉེར་བའི་གོ་རིམ་ཁྲོད་བརྡ་ཆད་མང་པོ་ཉར་ཚགས་བྱས་ཡོད་པའི་རྨང་གཞི་སྟེང་།   བོད་སྐད་ཡིག་གི་ངོ་བོ་དང་གཏན་ཚིགས་སྒྲིག་གཞི། མིང་ཚིག་གྲུབ་པའི་ཁྱད་ཆོས་ལྟར་ཕྱོགས་བསྡོམས་ལེགས་སྒྲིག་བྱས་ནས་རྩོམ་སྒྲིག་པར་སྐྲུན་བྱས།  དཔེ་ཆ་ཡོངས་ལ་པར་འགྲེལ་བརྡ་ཆད་དང་རྒྱུན་བཀོལ་བརྡ་ཆད་བཅས་རིམ་པ་གཉིས་སུ་བགོས་ཡོད་པ་དང་། བོད་སྐད་ཡིག་དང་བོད་ཡིག་གི་རྩ་བའི་ཆོས་ཉིད་དང་མཐུན།  ། 

  • ལེ་ཚན་སྔོན་མ།:ཡོ་རོབ་མནའ་འབྲེལ་གྱི་ལག་ཁྱེར་སྙན་ཞུའི་བྱེད་ཐབས་གསར་བས་ཀྲུང་གོའི་ཡུལ་སྐོར་བར་སྟབས་བདེ་བསྐྲུན་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས།
  • དོ་སྣང་ཆེ་བའི་རྩོམ།