མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-07-30
བློ་མཐུན་ཏེན་ཀོན་ཀུན་གྱི་བེམ་པོ་ཚེས་ཉེར་བརྒྱད་ཉིན་པེ་ཅིན་པ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་ནས་སྦྱིན་བསྲེགས་བྱས། བློ་མཐུན་ཧུའུ་ཅིན་ཐའོ་དང་ཝུའུ་པང་གོ། ཝུན་ཅ་པའོ། ལིས་ཁྲང་ཁྲོན། ཞི་ཅིན་ཕེན། ལིས་ཁི་ཆཱང་། ཧི་གོ་ཆཱང་། ཀྲིག་ཡུང་ཁང་སོགས་ཀྱིས་ཏེན་ཀོན་ཀུན་གྱི་ཁྱིམ་མི་ལ་ཕྱག་འཇུ་གནང་ནས་འཚམས་འདྲི་ཞུས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཉམས་སད་ཐེག་ཅིང་ཏང་ལ་བློ་དཀར་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། ང་ཚོའི་ཏང་གི་དྲིལ་སྒྲོག་རིག་གནས་བསམ་བློ་འཐབ་ཕྱོགས་ཀྱི་ཕུལ་བྱུང་མགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྗེས་སྣོན་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅུ་བཞི་བ་དང་སྐབས་བཅོ་ལྔ་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་བློ་མཐུན་ཏེན་ཀོན་ཀུན་གྱི་བེམ་པོ་ཚེས28ཉིན་པེ་ཅིན་པ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་ནས་སྦྱིན་བསྲེགས་བྱས། བློ་མཐུན་ཏེན་ཀོན་ཀུན་ལ་སྙུང་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་མ་ཐོགས་པར་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་གྱི་དུས་ཚོད་དྲུག་དང་སྐར་མ་ཉི་ཤུའི་སྟེང་པེ་ཅིན་ནས་ཚེ་ལས་འདས་པ་དང་ད་ལོར་ལོ་གྱ་གསུམ་རེད།
པ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོའི་ཚོམས་ཁང་གི་གོང་དུ་བློ་མཐུན་ཏེན་ཀོན་ཀུན་ལ་མྱ་ངན་ཞུ་ཞེས་པའི་ཡི་གེ་བཀལ་ཡོད་པ་དང་། ཞོལ་དུ་བློ་མཐུན་ཏེན་ཀོན་ཀུན་གྱི་སྐུ་འདྲ་བཞག་ཡོད། བློ་མཐུན་ཏེན་ཀོན་ཀུན་གྱི་བེམ་པོ་མེ་ཏོག་མང་བོའི་དཀྱིལ་དུ་བཞག་ཡོད་པ་དང་། བེམ་པོའི་སྟེང་དུ་ཀྲུང་གོ་གུང་ཁྲན་ཏང་གི་དར་ཆ་བཀབ་ཡོད།
སྔ་དྲོའི་དུས་ཚོད་བཅུའི་སྟེང་ཧུའུ་ཅིན་ཐའོ་དང་ཝུའུ་པང་གོ། ཝུན་ཅ་པའོ། ལིས་ཁྲང་ཁྲོན། ཞི་ཅིན་ཕེན། ལིས་ཁི་ཆཱང་། ཧི་གོ་ཆཱང་། ཀྲིག་ཡུང་ཁང་། ཝང་ཀང་། ཝང་ལི་ཆོན། ཝང་ཀྲའོ་གོ། ཝང་ཆི་ཧྲན། ཧོས་ལེང་ཡུས། ལིག་ཡུན་ཧྲན། ལིག་ཡན་ཏུང་། ལིས་ཡོན་ཁྲའོ། ཞུའུ་ཚེ་ཧུ། གོ་པོ་ཞུང་། ལིས་ལན་ཆིན། ཙིན་ཆིན་ཧུང་། ཧི་ཡུང་། ལིན་ཅི་ཧྭ་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་བློ་མཐུན་ཏེན་ཀོན་ཀུན་གྱི་བེམ་པོའི་མདུན་དུ་ཕེབས་ནས་གུས་པ་ལན་གསུམ་ཞུས་པར་མ་ཟད། བློ་མཐུན་ཏེན་ཀོན་ཀུན་གྱི་གཉེན་ཉེ་རྣམས་ལ་ཕྱག་འཇུ་གནང་ཞོར་དུ་འཚམས་འདྲི་ཞུས།
བློ་མཐུན་ཏེན་ཀོན་ཀུན་ལ་སྙུང་གཞི་ཕོག་སྐབས་དང་ཚེ་ལས་འདས་རྗེས། ཧུའུ་ཅིན་ཐའོ་དང་ཅང་ཙེ་མེན། ཝུའུ་པང་གོ། ཝུན་ཅ་པའོ། ཅ་ཆིན་ལིན། ལིས་ཁྲང་ཁྲོན། ཞི་ཅིན་ཕེན། ལིས་ཁི་ཆཱང་། ཧི་གོ་ཆཱང་། ཀྲིག་ཡུང་ཁང་སོགས་བློ་མཐུན་སྨན་ཁང་དུ་ཕེབས་ནས་འཚམས་འདྲི་ཞུས་པ་དང་ཡང་ན་རྣམ་པ་སྣ་ཚོགས་ལ་བརྟེན་ནས་བློ་མཐུན་ཏེན་ཀོན་ཀུན་ཚེ་ལས་འདས་པར་མྱ་ངན་ཞུས་པར་མ་ཟད་གཉེན་ཉེ་རྣམས་ལ་འཚམས་འདྲི་ཞུས།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་པ་དང་། བློ་མཐུན་ཏེན་ཀོན་ཀུན་ཚེ་ལས་མ་འདས་སྔོན་གྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མི་ཡང་མྱ་ངན་ཞུ་བའི་མཛད་སྒོར་ཞུགས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10