ལྷ་མོ་ཚེ་སྐྱིད མཚོ་སྔོན་པོ་དྲ་བ། 2012-07-31
ཐེངས་འདིའི་དུས་ཆེན་ནི་ཆོས་ལུགས་ཀྱི་ཆོ་ག་དང་རིག་རྩལ་བྱ་འགུལ། ངལ་གསོའི་རྩེད་འཇོ་བཅས་ལྷན་དུ་སྦྱར་བའི་དམངས་སྲོལ་དུས་ཆེན་ཞིག་ཡིན་ཞིང་། དུས་ཆེན་འདིར་ལྷ་གསོལ་བསྙེན་བཀུར་དང་གསོལ་སྨོན། ལོ་ལེགས་འབྱུང་བའི་བྱེད་སྒོ་སོགས་སྲོལ་རྒྱུན་གྱི་ཆོས་ལུགས་བྱ་འགུལ་ལས་གཞན་ད་དུང་ལྒང་ལི་དང་ཐག་འཐེན། མདའ་འཕེན། མེ་མདའ་རྒྱག་པ། བོད་ལུགས་ཀྱི་ལྕི་ཚད(བྱེ་ཁུག་འདེགས་པ)འགྲན་བསྡུར་སོགས་དམངས་སྲོལ་དུས་ཆེན་གྱི་བྱ་འགུལ་མང་པོ་འདུས་ཤིང་། ཡུལ་དངོས་སུ་དགའ་སྐྱིད་ཀྱི་རྣམ་པས་ཡོངས་སུ་ཁེངས་འདུག
ལོ་རེའི་ལུགས་རྙིང་གི་ཟླ6པ་ནས་ཟླ7པའི་བར། མང་རྫོང་གི་གྲོང་རྡལ་སོ་སོ་དང་སྡེ་བ་སོ་སོས་ཚད་དང་གཞི་རྒྱ་མི་མཚུངས་པའི་དམངས་ཁྲོད་དུས་ཆེན་རིག་གནས་ཀྱི་བྱ་འགུལ་མང་པོ་བསྡུས་ཀྱི་ཡོད། རྒྱུས་ལོན་པ་ལྟར་ན། ད་ལོར་བསྟུད་མར་ཐར་ཤུལ་ཡུལ་ཚོའི་ཐར་ཤུལ་སྡེ་བའི་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་སྐུ་འཁྲུངས་པའི་རྗེས་དྲན་བྱ་འགུལ་དང་། མང་ར་ཡུལ་ཚོའི་སྲོལ་རྒྱུན་དྲུག་པའི་ལྷ་རྩེད། མགོ་མང་གཞོངས་ས་ཁུལ་གྱི“བརྒྱད་གཅིག”ལུས་རྩལ་བྱ་འགུལ་སོིགས་དམངས་ཁྲོད་སྲོལ་རྒྱུན་དུས་ཆེན་གྱི་རིག་གནས་བྱ་འགུལ་བསྡུ་རྒྱུ་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10