ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-07-30
ཉེ་སྔོན། རྒྱལ་ཡོངས་དྲ་རྒྱ་ཆེན་མོའི་གསར་འགོད་རུ་ཁག་མཚོ་སྔོན་ཞིང་ཆེན་དུ་མིང་དུ་གྲགས་པའི་བོད་རྒྱུད་ནང་བསྟན་དགོན་པ་སྟེ་སྐུ་འབུམ་དགོན་ཉེ་འགྲམ་གྱི་སྐུ་འབུམ་རིག་གནས་ཁང་དུ་བསྐྱོད་ཅིང་། ཁྱད་དུ་འཕགས་པའི་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་རྒྱུས་ལོན་དང་མྱོང་ཚོར་བྱས།
སྐུ་འབུམ་བོད་ཀྱི་རིག་གནས་ཁང་ནི་སྐུ་འབུམ་དགོན་ལས་སྤྱི་ལེ2ལས་མེད་ཅིང་། ས་མུའུ30ལྷག་ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི1ཡིན། དེར་ཚོམས་ཁང་ཀ་བ་དང་ཁ་བ་ཞེས་དབྱེ་ཡོད་དེ། ཚོམས་ཁང་ཀ་བར་ཡང་ཁང་རིམ་གཉིས་ཏེ་འོག་མར་གཙོ་ཆེར་བོད་མི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་བརྗོད་པ་དང་། ཐོག་ཁང་གཉིས་པར་ལྷ་སྐུ་དང་གདོང་འབག ཐང་ག ཡི་གེ ལེགས་བཤད། ལོ་རྒྱུས་སྙན་རྩོམ། དེ་མིན་གྱོན་ཆས་དང་གླུ་གར། སྐུ་འབུམ་དགོན་གྱི་ཁྱད་དུ་འཕགས་པའི་སྒྱུ་རྩལ་གསུམ་བཅས་ཡོད་ཅིང་། ཕྱོགས་ཡོངས་ནས་བོད་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་སྒྱུ་རྩལ་མངོན་པར་བྱས་ཡོད། ཚོམས་ཁང་ཁ་བར་ཕྱོགས་ཡོངས་ནས་བོད་རྒྱུད་ནང་བསྟན་གྱི་ཁྱད་དུ་འཕགས་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ་བརྗོད་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10