ཚེ་རིང་སྒྲོལ་མ། མཚོ་སྔོན་པོ་དྲ་བ། 2012-07-30
ཉེ་ལམ། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ2012ལོའི་བོད་སྐད་ཡིག་ཡིག་སྒྱུར་ཆེད་མཁས་པའི་བྱ་བའི་ཚོགས་འདུ་ལན་ཀྲིག་ནས་ཚོགས་པ་དང་། བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། དེ་མིན་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡི་འབྲེལ་ཡོད་ཆེད་མཁས་པ་དང་ཤེས་ཡོན་པ་རྣམས་ཀྱིས་བོད་མི་རིགས་སྐད་ཡིག་ཡིག་སྒྱུར་བྱ་བར་བགྲོ་གླེང་བྱས་པ་མ་ཟད། «བོད་ཡིག་གློག་རྡུལ་ཚིག་མཛོད་དང་ཡིག་སྒྱུར་རམ་འདེགས་མཉེན་ཆས»ཞེས་པར་གསལ་འབྱེད་བྱས། ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་བོད་སྐད་ཡིག་གཞུང་ལས་ཁང་གིས་ཉེ་བའི་ལོ་འགའི་ནང་མི་རིགས་ཀྱི་སྐད་དང་ཡི་གེའི་བྱ་བའི་ཐད་ནས་ཅུང་གཡུར་དུ་ཟ་བའི་འབྲས་བུ་བླངས་སྟབས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བའང་ཐེངས་འདིའི་ཚོགས་འདུར་གདན་ཞུ་གནང་ཡོད།
དུས་ཡུན་ཉིན་གསུམ་གྱི་ཚོགས་འདུའི་ཁྲོད། ཚོགས་ཞུགས་ཆེད་མཁས་རྣམས་ཀྱིས2011ནས2012ལོའི་བར་ཡིག་སྒྱུར་བྱ་བའི་ཁྲོད་བྱུང་བའི་བརྡ་ཆད་གསར་བ་གྲོས་ཞིབ་གཏན་འབེབས་གནང་བ་སྟེ། བརྡ་ཆད་གསར་བའི་ཡིག་སྒྱུར་ཁྲོད་གཅིག་མཐུན་མིན་པ་དང་ཚད་ལྡན་མིན་པའི་གནད་དོན་དག་ལ་གྲོས་བསྡུར་བྱས་ཤིང་། ཚོགས་ཞུགས་ཆེད་མཁས་པ་དང་ཤེས་ཡོན་པ་རྣམས་ཀྱིས་བརྡ་ཆད་གསར་བའི་ཡིག་སྒྱུར་སྐོར་ལ་རང་ཉིད་ཀྱི་འདོད་བློ་དང་བསམ་འཆར་བརྗོད་པ་དང་། ཡིག་སྒྱུར་ལས་རིགས་ཐད་ཡུལ་དངོས་ནས་འབྲེལ་འདྲིས་དང་རྟོག་ཞིབ་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10