མཚོ་སྔོན་པོའི་དྲ་བ། 2012-08-03
གླུ་བ་གྲགས་ཅན་སྒྲོལ་མ་སྐྱབས་ལགས་ཀྱིས་སྙན་གླུ་འབུལ་བཞིན་པ།
གར་གྱི་སྟངས་སྟབས་བསྒྱུར་བཞིན་པའི་བོད་པའི་བུ་མོ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས30ཉིན། “ཤིང་སློང་དུས་ཆེན་རོལ་ནས། ཤམ་བྷ་ལའི་ཞིང་དུ་བགྲོད།”ཞེས་པའི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའམ་ཤིང་སློང་དུས་ཆེན་གྱི་བྱ་འགུལ་དེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་དུ་བསྡུས་ཤིང་། དེ་ནི་ཀན་ལྷོ་ཁུལ་ཤམ་བྷ་ལའི་གནས་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གསུམ་པའི་བརྗོད་གཞི་ཁག་ཅིག་ཡིན།
རྒྱུས་ལོན་པ་ལྟར་ན་ཐེངས་འདིའི་ཤིང་སློང་དུས་ཆེན་ནི་གཟའ་གཅིག་རིང་དུ་སྤེལ་རྒྱུ་ཡིན་ཅིང་། གཙོ་བོ་ཞབས་བྲོ་འཁྲབ་སྟོན་དང་། མེ་སྤུང་དགོང་ཚོགས། གླུ་ལེན་གར་རྩེད་སོགས་བྱ་འགུལ་མང་པོ་འདུས་ལ། ཡུལ་དེ་གའི་མང་ཚོགས་ཀྱིས་ཐབ་ཆས་སོགས་འཁྱེར་ནས་ཁྱིམ་ཁ་སོ་སོ་བྱས་ཏེ་རྩྭ་ཐང་དུ་དུས་ཆེན་ལ་རོལ་བཞིན་མཆིས།
ཤིང་སློང་དུས་ཆེན་དེ་ཐོག་མ་དགོན་སྡེའི་གྲྭ་བ་རྣམས་ཕྱི་རོལ་དུ་བུད་ཤིང་འཐུ་རུ་འགྲོ་བ་ལས་བྱུང་བ་དང་། དེ་ནས་རིམ་གྱིས་ཁྱབ་བརྡལ་དུ་སོང་ཏེ་སེར་སྐྱ་ཀུན་གྱིས་རོལ་བའི་དུས་སྟོན་ཆེན་མོ་ཞིག་ཏུ་གྱུར་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10