མིག་དམར་རྒྱལ་པོ། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ 2012-08-02
བསམ་འཆར་བསྡུ་ལེན་གྱི་མ་ཟིན་ལ་གཞིགས་ན། གློག་ཆས་དང་གློག་རྡུལ་ཐོན་རྫས་རྙིང་པ་ཁེ་གཉེར་བྱེད་མཁན་གྱིས་བསྡུ་ཉོ་བྱས་པའི་གློག་ཆས་དང་གློག་རྡུལ་ཐོན་རྫས་རྙིང་པར་ཡིག་ཚགས་བཟོ་དགོས་པ་དང་། བསྡུ་ཉོ་བྱེད་སྐབས་ཐོ་འགོད་ནན་ཏན་བྱེད་པའི་ལམ་ལུགས་ལག་བསྟར་བྱ་དགོས་པ། ཐོ་འགོད་བྱེད་སྐབས་གློག་ཆས་དང་གློག་རྡུལ་ཐོན་རྫས་རྙིང་པའི་སྣེ་རིགས་དང་། ཚོང་རྟགས། ཐོན་རྫས་བཟོ་མཁན། ཨང་རྟགས། ཐོན་སྐྱེད་བྱེད་པའི་དུས་ཚོད། བསྡུ་ཉོའི་དུས་ཚོད། ས་གནས། ཚོང་མཁན་མི་སྒེར་གྱི་རུས་མིང་དང་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། ཁེ་ལས་ཀྱི་ལས་གཉེར་ལག་ཁྱེར། ལས་ཁུངས་དང་བྱ་གཞག་ཚན་པའི་ཨང་རྟགས་སོགས་ཐོ་འགོད་བྱ་དགོས་ཀྱི་ཡོད་པ་རེད།
བསམ་འཆར་མ་ཟིན་དེར་གཞིགས་ན། གོང་གསལ་གཏན་འབེབས་ལས་བརྒལ་ཚེ་རྫོང་རིམ་པ་ཡན་གྱི་ཚོང་དོན་དོ་དམ་སྡེ་ཁག་གིས་ལེགས་བཅོས་ཀྱི་བཀའ་གཏོང་རྒྱུ་དང་། ད་དུང་མུ་མཐུད་ལེགས་བཅོས་མ་བྱས་ན་ཉེས་ཆད་སྒོར་ལྔ་སྟོང་ནས་ཁྲི་གཅིག་བར་གཅོད་རྒྱུ་ཡིན་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10