དཔའ་རིས་རྫོང་དུ་སྟོང་མིའི་སྐོར་བྲོ་འཁྲབ་ནས་གནས་སྐོར་དུས་ཆེན་བསུ་བ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-08-02

  ཟླ7པའི་ཚེས31ཉིན། ཀན་སུའུ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་མཐུན་སྒྲིལ་ལམ་གྱི་ཐང་ཆེན་དུ་སྟོང་མིའི་སྐོར་བྲོ་འཁྲབ་སྟོན་བྱས་ཤིང་། དེ་ནི“ཏུན་ཧོང་ལ་སྐྱོད་པ། དར་གོས་འགྲུལ་ལམ་རྒྱལ་སྤྱིའི་གནས་སྐོར་དུས་ཆེན་སྐབས་གཉིས་པའམ་དཔའ་རིས་འགག་གསུམ་མཛེས་ལྗོངས་དམངས་སྲོལ་གནས་སྐོར་དུས་ཆེན་སྐབས་བརྒྱད་པ”འགོ་ཚུགས་པར་བསུ་བ་བྱེད་པ་ཡིན།
  ཉིན་འདིར་ལུས་ལ་གཟབ་མཆོར་གྱིས་སྤྲས་པའི་དཔའ་རིས་བོད་དམངས་རྣམས་ཀྱིས་ཐང་ཆེན་དུ་ལག་ཏུ་ལྷ་རྫས་ཁ་བཏགས་དཀར་པོ་བཟུང་ནས་སྐྱིད་པའི་རྡོག་བྲོ་འཁྲབ་བཞིན་དུས་ཆེན་བསུས། རྒྱུས་ལོན་བྱུང་བ་ལྟར་ན་སྟོང་མིའི་སྐོར་བྲོ་འཁྲབ་སྟོན་ནི་དཔའ་རིས་གནས་སྐོར་དུས་ཆེན་གྱི་བརྗོད་གཞིའི་བྱ་འགུལ་ཆེ་ཤོས་གསུམ་གྱི་ཁག་གཅིག་རེད། དེར་མ་ཟད་ཁོང་ཚོས་ད་ལོའི་ཟླ་དྲུག་པའི་ནང་དུ་དུས་ཡུན་ལ་སྐར་མ39ཡོད་པའི་དཔའ་རིས་མི་རིགས་ཞབས་བྲོ་བསྒྲིགས་ཚར་ཞིང་། ཞབས་བྲོ་དེའི་དབྱངས་ནི་དཔའ་རིས་ཡུལ་གྱི་གླུ་གཞས་དག་རྨང་གཞི་བྱས་ཐོག  བོད་དང་ཧོར་གྱི་ཞབས་བྲོའི་ཁྱད་ཆོས་རྒྱུན་འཛིན་བྱས་ནས་དཔའ་རིས་ཡུལ་གྱི་མི་རིགས་ཀྱི་ཁྱད་ཆོས་མངོན་པ་རེད།
 

  • ལེ་ཚན་སྔོན་མ།:རྨ་ཆུའི་གླུ་གར་རྒྱལ་གྱི《རྨ་ཁུག་མཛོད་དགེ་ཉིན་མའི་གཉེན་སྟོན》ཅེས་པའི་འོད་སྡེར་ཉེ་ལམ་འགྲེམ་སྤེལ་བྱ་རྒྱུ་
  • ལེ་ཚན་རྗེས་མ།:གློག་ཆས་དང་གློག་རྡུལ་ཐོན་རྫས་རྙིང་པ་བསྡུ་ཉོའི་དོ་དམ་བྱ་ཐབས་བཏོན་པ།
  • དོ་སྣང་ཆེ་བའི་རྩོམ།