ཚེ་དོན་དང་རཏན། 2012-08-02
འོད་སྡེར་འདི་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གློག་རྒྱང་སྒྲོགས་བརྙན་འཕྲིན་ཅུས་དང་རྨ་ཆུ་རྫོང་དམངས་ཁྲོད་རྡུང་ལེན་མཐུན་ཚོགས་གཉིས་ཀྱིས་མཉམ་དུ་སྒྲུབས་པའི་བརྩམས་ཆོས་ཡིན་ཅིང་། གླུ་བ་གླུ་གར་རྒྱལ་གཙོ་བྱས་པའི་གླུ་བ་སུམ་བཅུ་ལྷག་གི་གླུ་སྐད་སྙན་མོ་ལས་བོད་ཀྱི་ལས་གཞས་རྡུང་ལེན་གྱི་འཇམ་སྙན་བདེ་སིམ་གྱི་ཁྱད་ཆོས་མ་ལུས་རྫོགས་པར་རྩལ་དུ་བཏོན་ཡོད་ཅིང་རྨ་ཆུའི་སྟོད་རྒྱུད་ཀྱི་འབྲོག་རུའི་གཉེན་སྒྲིག་གི་ནང་དོན་མཚོན་པའི་བརྗོད་བྱ་དཀྱིལ་སྙིང་དུ་བཟུང་ཡོད་པས་རྒྱ་ཆེའི་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་དབང་གསོ་བའི་བདུད་རྩི་དང་མིག་དབང་འཕྲོག་པའི་ས་དགའ་སྟོན་དུ་འགྱུར་བར་གདོན་མི་ཟ།
གླུ་བ་གླུ་གར་རྒྱལ་ནི་རྨ་ཆུ་ཉིན་མ་ནས་ཚར་ལོངས་བྱུང་ཅིང་ཁོའི་སྐད་སྙན་མོ་དེསབོད་ཀྱི་ཡུལ་གྲུ་ཀུན་ལ་སུབ་ཏུ་མེད་པའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད། འོད་སྡེར་འདི་ནི་བཀྲ་ཤིས་པའི་ཁ་བཏགས་དང་ཨ་ཞང་ལོ་ལོ། རྩྭ་ཐང་གི་འབྲོག་གླུ་སོགས་འོད་སྡེར་དང་སྒྲ་ཐག་ཕབ་སྐྲུན་བྱས་རྗེས་ཀྱི་བརྩམས་ཆོས་ལེགས་གྲས་ཤིག་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10