ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-07-26
ཉེ་ལམ། ཀྲུང་གོའི་གཏན་ཚིགས་རིག་པའི་མཐུན་ཚོགས་ཀྱི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོི་སྒྲུབ་དང་། ཀོས་ཀྲིག་སློབ་ཆེན་མི་ཆོས་སློབ་གླིང་གིས་འགན་སྒྲུབ། ཧང་ཀྲིག་ནང་བསྟན་སློབ་གླིང་དང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་རོགས་སྒྲུབ་གནང་བའི་སྐབས་བརྒྱད་པའི་རྒྱལ་ཡོངས་ཚད་མའི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ཀོས་ཀྲིག་སློབ་ཆེན་དེ་ཀོས་ཀྲིག་སློབ་ཆེན་དུ་སྤེལ།
དུས་ཡུན་ཉིན་གཉིས་ཀྱི་ཚོགས་འདུར། ཚོགས་ཞུགས་ཆེད་མཁས་པ60ལྷག་གིས་གཏམ་བཤད་དང་རུ་ཁག་བགྲོ་གླེང་གི་རྣམ་པ་སྤྱད་དེ་ཕན་ཚུན་འབྲེལ་འདྲིས་བྱས་ཤིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་ལི་ཕེ་ཡུའི《མཁས་དབང་ལྔ་ཡིས་ཚད་མ་རིག་པར་བཞག་པའི་མཛད་རྗེས》ཞེས་པ་དང་། ཧྥུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲིན་ཝེ་ཧོང་གི《ཁྲིན་ཏཱ་ཆི་ལགས་ཀྱིས་རྒྱའི་ཚད་མ་རིག་པར་བཞག་པའི་མཛད་རྗེས》། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཟླ་བའི《ཚད་མ་རིག་པའི་ཆེད་མཁས་པ་ཆི་ཧྲུན་ལེའི་བོད་རྒྱུད་ཚད་མ་རིག་པའི་རྒྱུན་འཛིན་དང་དར་སྤེལ》སོགས་འབྲེལ་ཡོད་ཤེས་ཡོན་པའི་དཔྱད་རྩོམ40ལྷག་ཡར་སྤྲོད་བྱས།
ཀྲུང་གོའི་གཏན་ཚིགས་རིག་པའི་མཐུན་ཚོགས་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་འགོ་གཙོ་ཀྲིན་ཏུས་ཐེངས་འདིའི་ཚོགས་འདུར་ཞུགས་མ་ཐུབ་ནའང་ཡི་གེའི་ལམ་ནས་གཏམ་བཤད་ཡར་སྤྲོད་བྱས་ཏེ་ཚད་མ་རིག་པའི་ཞིབ་འཇུག་འཕེལ་རྒྱས་འཆར་བཀོད་དང་། ཚད་མ་རིག་པའི་ཞིབ་འཇུག་མི་སྣའི་རུ་ཁག་རྩ་འཛུགས། ཚད་མ་རིག་པའི་ཞིབ་འཇུག་མཉམ་འབྲེལ་དང་འབྲེལ་འདྲིས་བཅས་ཀྱི་ཐད་ནས་ཤུགས་སྣོན་རྒྱུར་བསམ་འཆར་བཏོན་ཡོད།
ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཁང་གི་འབྲེལ་ཡོད་ཞིབ་འཇུག་མི་སྣ་ཐེངས་འདིའི་ཚོགས་འདུར་ཞུགས་པ་མ་ཟད་དཔྱད་རྩོམ་ཡར་སྤྲོད་བྱས་ཏེ་བགྲོ་གླེང་མཛད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10