མཚོ་སྔོན་པོ་དྲ་བ། 2012-07-26
ཚོན་མདོག་སྣ་དགུའི་ཀན་ལྷོའི་ཤམ་བྷ་ལ་གནས་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གསུམ་པ་བསྡུས་པ།
ཚོན་མདོག་སྣ་དགུའི་ཀན་ལྷོའི་ཤམ་བྷ་ལ་གནས་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གསུམ་པ་བསྡུས་པ།
ཟླ7པའི་ཚེས24ཉིན། ཚོན་མདོག་སྣ་དགུའི་ཀན་ལྷོའི་ཤམ་བྷ་ལ་གནས་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གསུམ་པའམ་ཤིང་སློང་དུས་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དུང་ཕྲུག་རྩྭ་ཐང་དུ་གཟབ་རྒྱས་ངང་བསྡུས་པ་རེད། ཉིན་འདིར་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་ཡུལ་ཀུན་ཏུ་སྤྲོ་སྐྱིད་ཀྱི་དཔལ་གྱི་བརྟས་ཤིང་། བོད་པའི་བུ་བུ་མོ་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཏེ་དུང་ཕྲུག་རྩྭ་ཐང་དུ་དགྱེས་འཛོམས་བྱུང་སྟེ་དུས་ཆེན་ལ་རོལ་བ་རེད།
ཡུལ་གྱི་བཀོད་པ་ཁྱད་དུ་འཕགས་པའི་དུང་ཕྲུག་རྩྭ་ཐང་དུ་ཀུན་གྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པར་བྱེད་པའི་རིག་རྩལ་འཁྲབ་སྟོན་ཚར་དུ་དངར་བ་འཁྲབ་སྟོན་བྱས་པ་སྟེ། 《རི་དྭགས་གཙོད་ཀྱི་དགའ་ཚལ》ཞེས་པ་བརྗོད་གཞིར་བྱས་ནས་བདེ་སྐྱིད་ཀྱི་ཁྱིམ་གཞིས་དང་། རེ་བའི་འོད་སྣང་། ལྷན་འཛོམས་དགྱེས་གླུ་བཅས་ཁག་གསུམ་དུ་བགོས་འདུག དེའི་ཁྲོད《དུས་བཞིའི་ཀན་ལྷོ》ཞེས་པའི་བོད་ཀྱི་རྒྱན་ཆས་འཁྲབ་སྟོན་གྱིས་ཀན་ལྷོ་ཁུལ་གྱི་རྫོང་བདུན་དང་གྲོང་ཁྱེར་གཅིག་བཅས་ཀྱི་བོད་ཀྱི་སྲོལ་རྒྱུན་རྒྱན་ཆས་ཐུན་མོང་མ་ཡིན་པ་དེ་དག་གནས་སྐོར་བ་རྣམས་ཀྱི་མཐོང་ལམ་དུ་བཀྲམ་པ་རེད།
ཚོན་མདོག་སྣ་དགུའི་ཀན་ལྷོའི་ཤམ་བྷ་ལ་གནས་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གསུམ་པ་བསྡུས་པ།
ཐེངས་འདིའི་གནས་སྐོར་དུས་ཆེན་གྱིས་དམངས་སྲོལ་རིག་གནས་དང་རིག་གནས་གནས་སྐོར་ཐོན་རྫས་འགྲེམ་སྟོན་ལ་རྐང་བཙུགས་ཏེ་ཡུལ་དེ་གའི་ཡུལ་མི་དང་གནས་སྐོར་བ་རྣམས་ལ་གཙོས་གྲོང་ཁྱེར་གྱི་ཡུལ་སྲོལ་གོམས་གཤིས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། རྫོངས་སྟུག་པོའི་རིག་གནས་ཐོན་ཁུངས་དང་རིག་གནས་འཛུགས་སྐྲུན་གྱི་ཕན་འབྲས་གཡུར་དུ་ཟ་བ་མངོན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10