ཀྲིག་ཡུང་ཁང་གིས་ཁྲའོ་ཞན་གྱི་མགྲོན་པོར་མཇལ་འཕྲད་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-07-26

ཀྲིག་ཡུང་ཁང་གིས་ཁྲའོ་ཞན་གྱི་མགྲོན་པོར་མཇལ་འཕྲད་གནང་།
 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲིག་ཡུང་ཁང་གིས་ཚེས24ཉིན་པེ་ཅིན་ནས་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མི་དམངས་བདེ་སྲུང་པུའུ་ཡི་པུའུ་ཀྲང་ལིས་མེན་ཀྲུའུ་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲིག་ཡུང་ཁང་གིས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མི་དམངས་བདེ་སྲུང་པུའུ་ཡི་པུའུ་ཀྲང་ལིས་མེན་ཀྲུའུ་ལ་མཇལ་འཕྲད་གནང་།

    ཀྲིག་ཡུང་ཁང་གིས་གསུངས་དོན། ཉིས་སྟོང་བཅུ་ལོའི་ཟླ་བཅུ་བར་ང་རང་ཁྲའོ་ཞན་དུ་མཚམས་འདྲིར་སོང་བ་དང་། ངལ་རྩོལ་ཏང་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པའི་དགའ་སྟོན་བྱ་འགུལ་སྟེང་དུའང་ཞུགས་པ་མ་ཟད། བློ་མཐུན་ཅིན་ཀྲིན་རི་དང་ཅིན་ཀྲིན་ཨིན་གཉིས་ལ་ཐུག་འཕྲད་བྱས་ནས་བག་ཆགས་ཟབ་མོ་ཞིག་བཞག་སོང་། བློ་མཐུན་ཅིན་ཀྲིན་རི་ནི་ཀྲུང་གོའི་མི་དམངས་ཀྱི་བློས་ཐུབ་གྲོགས་པོ་ཡིན་པས་ང་ཚོས་དུས་གཏན་དུ་ཁོ་རང་རྗེས་སུ་དྲན་ངེས། བློ་མཐུན་ཅིན་ཀྲིན་ཨིན་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་མགོ་ཁྲིད་འོག ཁྲའོ་ཞན་གྱིས་སྟོབས་ལྡན་རྒྱལ་ཁབ་འཛུགས་བསྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་གྲུབ་འབྲས་གསར་བ་ལོན་པའི་སྨོན་འདུན་ཞུ། ང་ཚོས་ཁྲའོ་ཞན་གྱི་བློ་མཐུན་རྣམས་དང་མཉམ་དུ་ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་སྲ་བརྟན་དང་འཛུགས་བསྐྲུན། འཕེལ་རྒྱས་བཟང་བོ་བཅས་སུ་གཏོང་འདོད་ཡོད། ཁྱེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་དང་ང་རང་ཉིད་ཀྱིས་ཧྲུའུ་ཅི་དང་པོ་ཅིན་ཀྲིན་ཨིན་ལ་བརྩེ་བའི་མཚམས་འདྲི་བྱས་པ་བརྒྱུད་སྒྲོག་བྱེད་རོགས་ཟེར།

    ལིས་མེན་ཀྲུའུ་ཡིས་བཤད་རྒྱུར། ངས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཧྲུའུ་ཅི་དང་པོ་དང་། རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་པོ། གུས་པར་འོས་པའི་བློ་མཐུན་ཅིན་ཀྲིན་ཨིན་ལགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་སོགས་ཀྲུང་གོའི་མགོ་ཁྲིད་པ་དག་ལ་མཚམས་འདྲི་བྱས་པ་བརྒྱུད་སྒྲོག་བྱས་པ་ཡིན། ཁྲའོ་ཞན་དང་ཀྲུང་གོའི་མཛའ་བརྩེ་ནི་ཁྲག་ལས་གྲུབ་པ་ཡིན་ལ། ཏང་གཉིས་དང་རྒྱལ་ཁབ་གཉིས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ལ་ཤུགས་བསྐྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།

    མིན་ཅན་ཀྲུའུ་མཇལ་འཕྲད་ལ་ཞུགས། །


 

  • ལེ་ཚན་སྔོན་མ།:2012ལོའི་སྦྲང་ཆར་དེབ་གཉིས་པ་འགྲེམ་སྤེལ་བྱས་ཟིན།
  • ལེ་ཚན་རྗེས་མ།:ཀན་ལྷོའི་ཤམ་བྷ་ལ་གནས་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གསུམ་པ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།