ཧུའུ་ཅིན་ཐའོ་ཡིས་ཨ་རིའི་མགྲོན་པོར་མཇལ་འཕྲད་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-07-26

ཧུའུ་ཅིན་ཐའོ་ཡིས་ཨ་རིའི་མགྲོན་པོར་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཚེས24ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཏོ་ཉི་ལུང་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཚེས24ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཏོ་ཉི་ལུང་ལ་མཇལ་འཕྲད་གནང་།

    ཧུའུ་ཅིན་ཐའོ་ཡིས་གསུངས་དོན། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་པ་འོག ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྤྱིར་བཏང་གིས་བརྟན་འཇགས་ངང་འཕེལ་རྒྱུས་སུ་འགྲོ་བའི་རྣམ་པ་བཟང་བོ་མངོན་ཡོད། ང་དང་ཙུང་ཐུང་ཨོ་པ་མ་གཉིས་བར་ཕན་ཚུན་ལ་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་ཀྲུང་གོ་དང་ཨ་རིའི་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པ་དང་། ཀྲུང་གོ་དང་ཨ་རིའི་རྒྱལ་ཁབ་ཆེ་ཤོས་ཀྱི་འབྲེལ་བ་གསར་བ་འཛུགས་པར་ལྟ་བ་གཅིག་མཐུན་ཆགས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་འབད་པ་བྱས་ཏེ། ཕྱོགས་གཉིས་ཀྱི་བར་གྲུབ་པའི་ལྟ་བ་སྔར་ལས་ལག་བསྟར་བཟང་བོ་བྱེད་པ་དང་། ཕན་ཚུན་བར་གླེང་མོལ་བྱེད་པར་ཤུགས་བསྐྱེད་དེ། ཕན་ཚུན་གྱི་འབྲེལ་འདྲིས་དང་ཡིད་ཆེས་རྒྱུན་འཁྱོངས་བྱས་ནས་མཉམ་ལས་རྒྱ་བསྐྱེད་པ་དང་། ཕྱོགས་གཉིས་ཀྱིས་དོ་སྣང་བྱེད་བཞིན་པའི་ཁེ་ཕན་ཆེ་ཤོས་ལ་བརྩི་འཇོག་དང་ཐུགས་ཁུར་གནང་ནས། གནད་དོན་ཆེ་ཤོས་དག་གཟབ་ནན་གྱིས་ཐད་གཅོད་བྱས་ཏེ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་འཇགས་ངང་མདུན་ནས་མདུན་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

    ཏོ་ཉི་ལིང་གིས་བསྟན་དོན། ཨ་རི་དང་ཀྲུང་གོའི་འབྲེལ་བ་ནི་ད་སྔའི་འཛམ་གླིང་སྟེང་གི་ཕྱོགས་གཉིས་བར་གྱི་འབྲེལ་བ་གལ་ཆེན་གྲས་ཀྱི་གཅིག་ཡིན། ཨ་རིའི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གྲུབ་པའི་ལྟ་བ་ལག་བསྟར་བྱས་ཏེ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོ་དང་། འཛམ་གླིང་ཡོངས་དང་ས་ཁུལ་གྱི་ལས་དོན་ཐད་ཀྱི་མཉམ་ལས་གཏིང་ཟབ་སྒོས་སྤེལ་བ་ལས་གཞན།ཨ་རི་དང་ཀྲུང་གོའི་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ནུས་ཤུགས་བསྐྱེད་དེ་ཨ་རི་དང་ཀྲུང་གོའི་རྒྱལ་ཁབ་ཆེ་ཤོས་ཀྱི་འབྲེལ་བ་འཛུགས་བསྐྲུན་བྱེད་འདོད་ཡོད་ཟེར།

    རྒྱལ་སྲིད་ཨུ་ཡོན་ཏའེ་པེན་གོ་སོགས་མཇལ་འཕྲད་ལ་ཞུགས། །

  • ལེ་ཚན་སྔོན་མ།:སྐབས་བརྒྱད་པའི་རྒྱལ་ཡོངས་ཚད་མའི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ཀོས་ཀྲིག་སློབ་ཆེན་དུ་སྤེལ་བ།
  • ལེ་ཚན་རྗེས་མ།:བོད་ལྗོངས་མངའ་རིས་སེང་གེ་ཁ་འབབ་གྲོང་བརྡལ་དུ་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།