ཀྲུང་གོའི་བོད་ལྗོངས་དྲ་བ། 2012-07-26
བོད་ལྗོངས་མངའ་རིས་སུ་བེད་སྤྱོད་གཏོང་འགོ་ཚུགས་པའི་སྤྱི་སྤྱོད་རླངས་འཁོར་གསར་པ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས23ཉིན། བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་ཐོག་མ་དེ་སེང་གེ་ཁ་འབབ་གྲོང་བརྡལ་དུ་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། མངའ་རིས་ས་ཁུལ་དུ་སྤྱི་སྤྱོད་རླངས་འཁོར་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད། མིག་སྔར། མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་བརྡལ་དུ་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་གསུམ་ཤར་གཏོང་བྱས་པས་གྲོང་མི་རྣམས་ཀྱི་ཕྱོགས་ཐོན་ཐད་ལ་ཕན་པ་བསྐྲུན་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10