ཙོང་ཁའི་སྒྱུ་རྩལ་དུས་ཆེན་གྱི་ཉིན་དང་པོར་གནས་སྐོར་བ་ཁྲི12ལ་བསླེབས་པ།

ཞིན་ཧྭ་གསར་འགྱུར་དྲ་བ།    མཚོ་སྔོན་པོ་དྲ་བ།    2012-07-27

ཟླ7པའི་ཚེས24ཉིན། ཙོང་ཁའི་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་དེ་ཙོང་ཁ་རྫོང་རིག་གནས་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས་ཤིང་། ཡུལ་དེའི་མང་ཚོགས་ཀྱིས་རང་འགུལ་གྱིས་སྤེལ་བའི་སྤྲོ་ཚོགས་བྱ་འགུལ་གྱིས་སྒྱུ་རྩལ་དུས་ཆེན་དེ་ལ་སྤྲོ་སྐྱིད་ཀྱི་རྣམ་པ་ཀུས་ལས་འཕགས་པ་ཞིག་གསར་དུ་བསྣན་བྱུང་། རགས་རྩིས་བྱས་པ་ལྟར་ན་ཐེངས་འདིའི་སྒྱུ་རྩལ་དུས་ཆེན་གྱི་ཉིན་དང་པོར་གནས་སྐོར་བ་ཁྲི12ལ་བསླེབས་པ་རེད།
  རྒྱུས་ལོན་པ་ལྟར་ན་སྐུ་འབུམ་བྱམས་པ་གླིང་གི་བོད་བརྒྱུད་ནང་བསྟན་གྱི་རིག་གནས་གཟི་དཔལ་མངོན་ཕྱིར་ཙོང་ཁ་རྫོང་གིས་ཟླ7པའི་ཚེས24ཉིན་ནས་ཟླ8པའི་བར་ཙོང་ཁའི་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་སྤེལ་རྒྱུ་རེད། བྱ་འགུལ་གྱི་དུས་སུ་དྲུག་པའི་ཚེས་དྲུག་ཉིན་གྱི་གོས་སྐུ་བཤམས་པའི་དུས་ཆེན་དང་། “བྱམས་པ་གླིང”མདོ་དབུས་མཐོ་སྒང་གི་མཛེས་རིས་འགྲེམ་སྟོན། བྲག་དམར་ལུང་ཁུ་ནུའི་རིག་གནས་དུས་ཆེན་སོགས་མུ་འབྲེལ་རིག་གནས་བྱ་འགུལ་སྤེལ་ནས་ཙོང་ཁའི་ཡུལ་གྱི་རིག་གནས་རྫོངས་སྟུག་པོ་མངོན་པ་དང་ཆབས་ཅིག ཙོང་ཁའི་རིག་གནས་གནས་སྐོར་བྱ་འགུལ་དང་མང་ཚོགས་ཀྱི་བསམ་པའི་ལོངས་སྤྱོད་ཕུན་སུམ་ཇེ་ཚོགས་དང་ཙོང་ཁའི་རིག་གནས་གནས་སྐོར་གྱི་མཚན་སྙན་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་ཡིན།
  • ལེ་ཚན་སྔོན་མ།:བོད་ལྗོངས་མངའ་རིས་སེང་གེ་ཁ་འབབ་གྲོང་བརྡལ་དུ་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་བྱུང་བ།
  • ལེ་ཚན་རྗེས་མ།:ཀན་སུའུ་བོད་ཀྱི་སྐད་དང་ཡི་གེའི་བྱ་བ་གཉེར་མཁན་རྣམས་ཀྱིས“དཔའ་རིས”ས་མིང་རིག་གནས་ལ་རྟོག་ཞིབ་བྱེད་པ།
  • དོ་སྣང་ཆེ་བའི་རྩོམ།