བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2012-07-25
མཚོ་སྔོན་བོད་སྐད་རླུང་འཕྲིན་བཏང་ནས་ལོ་འཁོར60ལོན་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་གྱིས་གསུང་བཤད་གནང་བཞིན་པ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ནི1952ལོའི་ཟླ7པའི་ཚེས22ཉིན་གཏོང་འགོ་བརྩམས་ཤིང་། རྒྱང་སྒྲོག་ལེ་ཚན་ཉིན་གང་བོར་ཆུ་ཚོད17དང་སྐར་མ10ལ་གཏོང་བཞིན་ཡོད་པ་དང་། དེའི་མཚུངས་སུ2004ལོའི་ལོ་སྨད་དུ་གཏོང་འགོ་བརྩམས་པའི་མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས་ཀྱི་ཟླ་རེའི་རྡེབ་ཚད་འབུམ3བརྒལ་འདུག དེའི་ཁྲོད་ཨ་རི་དང་། རྒྱ་གར། ཉི་ཧོང་སོགས་ཕྱིའི་རྒྱལ་ཁབ་ཀྱིས20%ཟིན་ཡོད་པ་རེད།
མཚོ་སྔོན་བོད་སྐད་རླུང་འཕྲིན་བཏང་ནས་ལོ་འཁོར60ལོན་པའི་རྟེན་འབྲེལ་སྤྲོ་ཚོགས་སྟེང་གླུ་མ་ཚེ་དབང་ལྷ་མོས་སྙན་གླུ་འབུལ་བཞིན་པ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ནི་རྒྱལ་ཡོངས་སུ་ཞིང་ཆེན་རིམ་པའི་བོད་སྐད་རླུང་འཕྲིན་ཆེས་སྔ་བ་ཡིན་ཅིང་། ཨ་མདོ་ཁ་སྐད་ཀྱི་ལམ་ནས་གཏོང་བའི་ཞིང་ཆེན་རིམ་པའི་བོད་སྐད་རླུང་འཕྲིན་ཁོ་ན་ཡང་ཡིན། རྒྱུས་ལོན་བྱུང་བ་ལྟར་ན་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་མི་རིགས་མང་པོ་འདུས་སྡོད་དང་ཆོས་ལུགས་མང་པོ་མཉམ་སྤེལ་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ནས2003ལོ་ནས་བཟུང་རྡུང་ལེན་འགྲན་སྡུར་དང་དམངས་གླུ་འགྲན་སྡུར་སོགས་རིག་རྩལ་ལེ་ཚན་ཐེངས་མང་པོར་བསྒྲུབས་ནས་བོད་དམངས་རྣམས་ཀྱི་རིག་གནས་མཁོ་འདོད་ཚིམས་པར་བྱས་ལ། 2004ལོའི་ཟླ5བར་ཕྱོགས་ཡོངས་བཅོས་སྒྱུར་བྱས་པ་ནས་བཟུང་མཚོ་སྔོན་བོད་སྐད་རླུང་འཕྲིན་ཉིན་གང་བོར་གཏོང་བཞིན་ཡོད་པ་དང་། ཉིན་གང་གི་གཏོང་ཡུན་ཁྲོད་ལེ་ཚན60%ནི་ཐད་གཏོང་བྱེད་བཞིན་ཡོད་ཅིང་། ལས་ཁུངས་འདི་གའི་དུས་རབས་ཀྱི་སྙིང་སྟོབས་དང་དམངས་ལ་ཕྱོགས་པ་བཅས་སུ་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10