ཚེ་རིང་འཚོ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-07-24
གྲོས་ཚོགས་ལས་ཀྲུང་དབྱང་ནགས་ལས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐིལ་ཕྱིན་བྱས་པའི་དུས་མཚུངས་སུ། ཉིས་སྟོང་བཅུ་གཅིག་ལོའི་རྒྱལ་ཡོངས་ནགས་ཚལ་སྤྱི་གླིང་འཛུགས་སྐྲུན་དང་ནགས་ཚལ་གནས་སྐོར་འཕེལ་རྒྱས་བྱ་བར་ཕྱིར་དྲན་དང་། གོ་རིམ་རྗེས་མའི་བྱ་བ་གལ་ཆེན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། གྲོས་ཚོགས་སྟེང་། ཞིང་ཆེན་ནགས་ལས་ཐིན་གྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་གྱིས་མཚོ་སྔོན་གྱི་ནགས་ཚལ་སྤྱི་གླིང་འཛུགས་སྐྲུན་དང་ནགས་ཚལ་གནས་སྐོར་འཕེལ་རྒྱས་བྱ་བ་མཚམས་སྦྱོར་རགས་བསྡུས་བྱས་པ་དང་། པེ་ཅིན་གྲོང་ཁྱེར་གྱི་སྐྱེད་ཚལ་ལྗང་སྒྱུར་ཅུའུ་སོགས་ལས་ཁུངས་བརྒྱད་ཀྱི་འགན་ཁུར་བས་ཁོ་ཚོའི་ཉམས་མྱོང་ངོ་སྤྲོད་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10