མཚོ་སྔོན་བོད་སྐད་རླུང་འཕྲིན་བསྒྲུབས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དགོང་ཚོགས་སྤེལ་བ།

    མཚོ་སྔོན་བོད་རིགས་དྲ་བ།    2012-07-24

མཚོ་སྔོན་བོད་སྐད་རླུང་འཕྲིན་བསྒྲུབས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དགོང་ཚོགས་སྤེལ་བ།
སྤྱི་ཟླ་བདུན་པའི་ཚེས་ཉེར་གཅིག་ཕྱི་དྲོ་ཆུ་ཚོད་བརྒྱད་སྟེང་། མཚོ་སྔོན་བོད་སྐད་རླུང་འཕྲིན་བསྒྲུབས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་རྟེན་འབྲེལ་དགོང་ཚོགས་དུས་གསུམ་གྱི་སྨྲ་ལྕེ་རྒོད་པོ་ཞེས་པ་ཟི་ལིང་ནས་སྤེལ་བ་རེད། འདི་ནི་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ཀྱི་བགྲང་བྱ་དྲུག་ཅུའི་སྐྱེས་སྐར་ཏེ། བོད་ལྗོངས་ཞིང་ལྔའི་བོད་རིགས་རང་སྐྱོང་ས་ཁུལ་གྱི་རླུང་འཕྲིན་ཉེར་བརྒྱ་ལྷག་གིས་མཚོ་སྔོན་བོད་སྐད་རླུང་འཕྲིན་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་། བོད་མདོ་དབུས་ཁམས་གསུམ་ན་སྙན་གྲགས་རྒྱས་པའི་གླུ་བ་སྒྲོལ་མ་སྐྱབས། ཡ་དུང་། གངས་བཞུགས། བཀྲ་ཤིས་ཉི་མ། རྡུང་ལེན་པ་དགའ་ལྡན། རྡོ་རིས། གླུ་མ་སྒྲོན་པེ། ཚེ་དབང་ལྷ་མོ་སོགས་གདན་དྲངས་སྟེ་གླུ་གར་གྱི་ལྟད་མོ་བསམ་གྱིས་མི་ཁྱབ་པ་ཞིག་ཀུན་གྱིས་སྤྱན་ལམ་དུ་མངོན་པ་རེད།

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་གྲངས་མཛོད་འཛུགས་སྐྲུན་དང་ཐེ་ཚང་དུ་གཏོང་བ།
  • ལེ་ཚན་རྗེས་མ།:གཙང་གསུམ་འབྱུང་ཡུལ་རྒྱལ་སྤྱིའི་པར་ལེན་དུས་ཆེན་དེ་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་ཟི་ལིང་ནས་བསྡུ་རྒྱུ་ཡ
  • དོ་སྣང་ཆེ་བའི་རྩོམ།