ཡར་ཀླུང་རིག་གནས་དུས་ཆེན་ཟླ8པར་འགོ་རྩོམ་རྒྱུ་རེད།
མཚོ་སྔོན་པོ་དྲ་བ། 2012-07-23
རྒྱུས་ལོན་པ་ལྟར་ན2012ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་དེ་ཟླ8པའི་ཚེས15ཉིན་ནས་ཚེས21ཉིན་བར་དུ་ལྷོ་ཁ་ས་ཁུལ་རྩེ་ཐང་གྲོང་རྡལ་ནས་སྤེལ་རྒྱུན་ཡིན་ཅིང་། འགོ་རྩོམ་མཛད་སྒོ་དང་། ཚོང་དོན་གྲོས་མོལ། བརྗོད་གཞིའི་གླེང་སྟེགས། རིག་རྩལ་འགྲེམ་སྟོན། རིག་གནས་གྲོས་ཚོགས། ན་གཞོན་གཞས་པའི་འགྲན་སྡུར། སྲོལ་རྒྱུན་ལུས་རྩལ་འགྲན་སྡུར། ཡིག་རིས་བརྙན་པར་འགྲེམ་སྟོན་སོགས་མུ་འབྲེལ་བྱ་འགུལ་ཁག་མང་པོ་འདུས།
རིག་གནས་དུས་ཆེན་འགོ་ཚུགས་པ་ནས་བཟུང་། ལྷོ་ཁ་ས་ཁུལ་གྱིས“ཚངས་དབྱངས་རྒྱ་མཚོའི་ཕ་སར་ཕུལ་བའི་བསྟོད་གླུ”སྟེ་མོན་པའི་སཱ་མ་ཆང་གཞས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་དང་། “བོད་ཡུལ་གྱི་གནས་མཆོག དཔྱིད་དུས་ཀྱི་མཛས་གཞས”ཞེས་པའི་གནས་མཆོག་གི་གཉེན་སྟོན་བྱ་འགུལ་སོགས་བདེ་བླག་ངང་སྤེལ་བ་རེད།