མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-07-23
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་ཁེ་ལས་དང་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་ཁེ་ལས་ཀྱི་ཏང་འཛུགས་བྱ་བའི་གོ་གནས་དང་ནུས་པ་ཁོང་དུ་ཆུད་པར་བྱས་ནས། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་ཁེ་ལས་ཀྱི་ཏང་འཛུགས་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང། ཏང་རྩ་འཛུགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ། ཏང་རྩ་འཛུགས་ཀྱི་ལས་བཟོ་བ་དང་མང་ཚོགས་ཁྲོད་ཀྱི་ཆབ་སྲིད་སྲོག་ཤིང་གི་ནུས་པ་དང་ཁེ་ལས་འཕེལ་རྒྱས་ཁྲོད་ཀྱི་ཆབ་སྲིད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མགོ་ཁྲིད་ལམ་ལུགས་དང་བྱ་བའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་མང་པོའི་བྱ་བ་བཟང་བོར་བསྒྲུབས་ཏེ། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་ཁེ་ལས་ཀྱི་ཏང་འཛུགས་བྱ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་ཟེར།
ཚོགས་ཐོག་ནས་ཉེ་བའི་ལོ་འགའི་རིང་ལ་གྲོང་ཁྱེར་སྡོད་ཁུལ་གྱི་ཏང་འཛུགས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་གསར་བར་ཁས་ལེན་གང་ལེགས་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར་གྱི་སྡོད་ཁུལ་གྱི་ཏང་འཛུགས་བྱ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བའི་ཐད་ལ་རེ་བ་གསལ་བོ་བཏོན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10