མཚོ་སྔོན་གསར་འགྱུར་དྲ་བ 2012-07-23
རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། མཚོ་སྔོན་བོད་ཀྱི་རིག་གནས་ཁང་གིས་ཀྲུང་གོ་མིའི་རིགས་རིག་པའི་མི་རིགས་འཇུག་ཚོགས་པ་མཚོ་སྔོན་བོད་ཀྱི་རིག་གནས་ཞིབ་འཇུག་རྟེན་གཞི་བཙུགས་པ་དང་། ཞིབ་འཇུག་རྟེན་གཞིས་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ཚོགས་པ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ། མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་། རིག་གནས་ཐིན་སོགས་སྡེ་ཁག་གི་ལྟ་བཤེར་མཛུབ་སྟོན་དང་ལེན་བྱས། ཐེངས་འདིའི་ཞིབ་འཇུག་གསོ་སྦྱོང་འཛིན་གྲྭ་ནི་ཀྲུང་གོ་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ཚོགས་པས201ལོར་སྐབས་དང་པོའི་ཀྲུང་གོ་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ན་གཞོན་ཆེད་མཁས་པའི་མཐོ་རིམ་ཞིབ་འཇུག་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་བསྡུས་རྗེས་སུ་སྐབས་གཉིས་པའི་མཐོ་རིམ་ཞིབ་འཇུག་གསོ་སྦྱོང་འཛིན་གྲྭ་བསྡུས་པ་རེད། ཞིབ་འཇུག་གསོ་སྦྱོང་འཛིན་གྲྭ་དེ་ཟླ7པའི་ཚེས19ཉིན་ནས་ཚེས25ཉིན་བར་མཚོ་སྔོན་བོད་ཀྱི་རིག་གནས་ཁང་དུ་བསྡུ་རྒྱུ་ཡིན་ལ། རྒྱལ་ཡོངས་ཀྱི་ན་གཞོན་ཆེད་མཁས་པ60ལྷག་ཞིབ་འཇུག་གསོ་སྦྱོང་འཛིན་གྲྭ་ཞུགས་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10