པེ་ཅིན་རླུང་འཕྲིན་ཁང་གིས་མཚོ་སྔོན་གྱི་ཐུན་མིན་ཐོན་རྫས་ལ་དོ་སྣང་བྱས་པ།

ཚེ་རིང་འཚོ།    མཚོ་སྔོན་གསར་འགྱུར་དྲ་བ།    2012-07-18

པེ་ཅིན་གྱིས་མཚོ་སྔོན་གྱི་ཚོང་རྫས་ལ་དོ་སྣང་བྱེད་ཚད་སྔར་ལས་མཐོ་རུ་འདེགས་པ་དང་། རྒྱལ་སའི་མང་ཚོགས་མི་ཉུང་བ་ཞིག་གིས་མཚོ་སྔོན་གྱི་ཐོན་རྫས་ཉོ་བ་དང་དེར་རྒྱུས་ལོན་བྱེད་པའི་ཆེད་དུ། ཟླ་བདུན་པའི་ཚེས་ལྔ་ནས་ཚེས་བཅུ་བཞི་ཉིན་བར། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་པེ་ཅིན་མི་དམངས་རླུང་འཕྲིན་ཁང་གིས་མཉམ་དུ་སྐབས་བདུན་པའི་མཚོ་སྔོན་གྱི་ཐུན་མིན་ཐོན་རྫས་ཆེད་འདྲི་ལེ་ཚན་སྤེལ་ནས། མཚོ་སྔོན་མཐོ་སྒང་གི་ལྷད་མེད་ཐོན་རྫས་དྲིལ་སྒྲོག་དང་མཚམས་སྦྱོར་བྱས།

དེའི་སྐབས་སུ། མཚོ་སྔོན་ཚོང་རྫས་དྲིལ་སྒྲོག་ཚན་ཁག་གིས་བྱ་འགུལ་གྱི་རྒྱབ་ལྗོངས་དང་། ནང་དོན། མཚོ་སྔོན་གྱི་ཁྱད་སྟོབས་ཐོན་ཁུངས། ལྷད་མེད་ཐོན་རྫས་ཀྱི་ཁྱད་ཆོས་སོགས་མཚམས་སྦྱོར་བྱས་ཏེ། པེ་ཅིན«མཚོ་སྔོན་དྲིལ་སྒྲོག་ལེ་ཚན»གྱི་མགོ་འཛིན་པ་དང་འགྲེམ་ཞུགས་ཁེ་ལས་ཀྱི་འགན་འཁུར་པས་པེ་ཅིན་རླུང་འཕྲིན་ཁང་དུ་སོ་སོར་དྲིལ་སྒྲོག་དང་འོས་སྦྱོར་བྱས།

  • ལེ་ཚན་སྔོན་མ།:བོད་རྒྱུད་ནང་བསྟན་དགེ་བཤེས་ལྷ་རམས་པའི་ཡོན་གནས་ཀྱི་སྔོན་རྒྱུགས་ལེན་པ།
  • ལེ་ཚན་རྗེས་མ།:བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་སོང་།
  • དོ་སྣང་ཆེ་བའི་རྩོམ།