བོད་རྒྱུད་ནང་བསྟན་དགེ་བཤེས་ལྷ་རམས་པའི་ཡོན་གནས་ཀྱི་སྔོན་རྒྱུགས་ལེན་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-07-17

 ཟླ7པའི་ཚེས10ནས་ཚེས14བར།  ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཐེངས་དགུ་བའི་བོད་རང་སྐྱོང་ལྗོངས་བོད་རྒྱུད་ནང་བསྟན་དགེ་བཤེས་ལྷ་རམས་པའི་ཡོན་གནས་ཀྱི2013ལོའི་དབྱར་ཁའི་སྔོན་རྒྱུགས་དེ་སེ་ར་དགོན་དུ་སྤེལ།
         ཐེངས་འདིའི་སྔོན་རྒྱུགས་ལ་ཞུགས་པའི་གྲྭ་བཙུན8ནི་གཟབ་ནན་གྱི་རྒྱུགས་ལེན་གོ་རིམ་བརྒྱུད་དེ། ལྷ་སའི་དགོན་ཆེན་གསུམ་དང་། གཙང་བཀྲ་ཤིས་ལྷུན་པོ་དགོན།  ཆབ་མདོ་བྱམས་པ་གླིང་དགོན་པ། བྲག་གཡབ་མ་དགོན། ཤང་ཁྲི་དགོན། ནག་ཆུ་རོང་པོ་རབ་བརྟན་དགོན་བཅས་དགོན་པ8ཀྱི་གྲྭ་བཙུན་ཁྲོད་ལེགས་འདེམ་བྱས་པ་ཡིན་ཞིང་།  ཁོ་ཚོའི་ཆ་སྙོམས་ཀྱི་ལོ་ཚད40ཡས་མས་ཡིན་པ་དང《གཞུང་བཀའ་པོད་ལྔ》ལ་བྱང་ཆ་ལྡན།
         ཚད་མའི་རྩོད་སྒྲུབ་དང་རྟགས་གསལ་གྱི་རྒྱུགས་ལེན་བྱེད་ཐབས་སྤྱད་དེ་རྒྱུགས་ལེན་དཔྱད་འཇོག་ཨུ་ཡོན་གྱིས་འགན་བླངས་ཏེ་གཟབ་ནན་སྒོས་ལོ་རྒྱུས་སྲོལ་རྒྱུན་དང་དེང་རབས་རྒྱུགས་ལེན་ཟུང་སྦྲེལ་སྒོས《གཞུང་བཀའ་པོད་ལྔ》རྟགས་གསལ་གཏོང་བ་དང་། ཆབ་སྲིད་དང་། རིག་གནས་ཤེས་བྱ་སོགས་ཀྱི་ཐད་ལ་ཕྱོགས་ཡོངས་ནས་དྲང་བདེན་དང་ཕྱོགས་རིས་མེད་པར་དཔྱད་འཇོག་གནང་བ་མ་ཟད། རྒྱུགས་འབྲས་ལྟར་མཐའ་མའི་རྒྱུགས་ལེན་གྱི་མིང་ཐོའི་གོ་རིམ་གཏན་འཁེལ་བྱས།
         འདིར་སེ་ར་དགོན་པ་དང་། འབྲས་སྤུངས་དགོན་པ། དགའ་ལྡན་དགོན་པ། ར་ས་འཕྲུལ་སྣང་གཙུག་ལག་ཁང་།  ར་སྟོད་དགོན་སོགས་ཀྱི་གྲྭ་བཙུན280ལྷག་ཀྱང་ཟུར་ཞུགས་བྱས་ཡོད་པ་རེད།
  • ལེ་ཚན་སྔོན་མ།:འཇིགས་མེད་རྒྱལ་མཚན་ཕན་བདེ་སློབ་གྲྭར་སློབ་སྐྱོར་དངུལ་ཟོག་གནང་བའི་མཛད་སྒོ་སྤེལ་བ།
  • ལེ་ཚན་རྗེས་མ།:པེ་ཅིན་རླུང་འཕྲིན་ཁང་གིས་མཚོ་སྔོན་གྱི་ཐུན་མིན་ཐོན་རྫས་ལ་དོ་སྣང་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།