སྐབས་གསུམ་པའི་མཚོ་འགག་འགྲམ་གཉིས་ཀྱི་མི་ཚེའི་ཧྲིལ་བོའི་སློབ་གསོའི་གླེང་སྟེགས་དེ་ཟླ8པར་ཟི་ལིང་དུ་ཚོགས་རྒྱུ་རེད།

རྡོ་རྗེ་བསམ་འགྲུབ    མཚོ་སྔོན་གསར་འགྱུར་དྲ་བ།    2012-07-16

སྐབས་གསུམ་པའི་མཚོ་འགག་འགྲམ་གཉིས་ཀྱི་མི་ཚེའི་ཧྲིལ་བོའི་སློབ་གསོའི་གླེང་སྟེགས་དེ་ཟླ8པའི་ཚེས8ཉིན་ནས་ཚེས10ཉིན་བར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཚོགས་རྒྱུ་ཡིན་པ་དང་། སྐབས་དེར་མཚོ་འགག་འགྲམ་གཉིས་ཀྱི་ཆེད་མཁས་པ་དང་མཁས་བ200ལྷག་གིས་ཆེད་ལས་སློབ་གསོ་དང་མི་ཚེའི་ཧྲིལ་བོའི་སློབ་གསོ་ལ་ཞིབ་འཇུག་བགྲོ་གླེང་བྱེད་རྒྱུ་རེད།

གསར་འགོད་པས་ཚེས13ཉིན་བསྡུས་པའི་སྐབས་གསུམ་པའི་མཚོ་འགག་འགྲམ་གཉིས་ཀྱི་མི་ཚེའི་ཧྲིལ་བོའི་སློབ་གསོའི་གླེང་སྟེགས་རྩ་འཛུགས་ལྷན་ཚོགས་ཀྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གླེང་སྟེགས་དེ་ཀྲུང་ཧྭ་ཆེད་ལས་སློབ་གསོ་ཚོགས་པ་དང་ཐའེ་ཝན་གྱི་དར་མ་དང་མི་ཚེའི་ཧྲིལ་བོའི་སློབ་གསོ་ཚོགས་པས་མཉམ་དུ་གཙོ་སྒྲུབ་བྱེད་རྒྱུ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་ཕྱི་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་ཀྲུང་ཧྭ་ཆེད་ལས་སློབ་གསོ་ཚོགས་པ། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་བཅས་ཀྱིས་འགན་སྒྲུབ་བྱེད་རྒྱུ་རེད། གླེང་སྟེགས་འདིའི་བརྗོད་དོན་ནི་ཆེད་ལས་སློབ་གསོ་དང་སློབ་སྦྱོང་རང་བཞིན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཞེས་པ་དེ་ཡིན་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཀྲུང་ཧྭ་ཆེད་ལས་སློབ་གསོ་ཚོགས་པའི་དོན་གཅོད་པ་ཀྲང་རུང་མིན་གྱིས་བརྗོད་བྱའི་གཏམ་བཤད་གནང་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཚོགས་འདུར་ལ་ཚོད་དཔག་ལྟར་ན་མ་མཐའ་ཡང་ཞིང་ཆེན་དང་ལྗོངས། གྲོང་ཁྱེར26གི་མི220ལྷག་ཚོགས་འདུར་ཞུགས་རྒྱུ་ཡིན་ལ། དེའི་ནང་ཐའེ་ཝན་ས་ཁུལ་གྱི་ཚོགས་ཞུགས་འཐུས་མི30ལྷག་ཡོད།

  • ལེ་ཚན་སྔོན་མ།:ལྷ་ས་རུ་ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་བྱེད་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་ཏང་གི་སློབ་གྲྭས2012ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་མཐར་ཕྱིན་མཛད་སྒོ་བསྡུས་པ་དང་ཞི་ཅིན་ཕེན་མཐར
  • དོ་སྣང་ཆེ་བའི་རྩོམ།