ལྷ་ས་རུ་ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་བྱེད་རྒྱུ་ཡིན་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-07-16

བོད་ལྗོངས་མཛེས་རྩལ་པའི་མཐུན་ཚོགས་ཀྱིས་བསྒྲུབ་རྒྱུ་ཡིན་པའི“བསམ་པ་མྱུར་འགྲུབ”ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་དེ་ཟླ7པའི་ཚེས20ཉིན་ལྷ་སའི་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ་རྒྱུ་ཡིན་ཞིང་། མིག་སྔར་འགྲེམ་སྟོན་གྱི་བྱ་བ་སོ་སོ་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན།

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་སྟེང་དུ་བོད་ལྗོངས་ཀྱི་ཕུལ་བྱུང་ཐང་ཀ་འགྲེམ་སྟོན་བྱེད་རྒྱུ་མ་ཟད། ལྷ་རིས་སྒྱུ་རྩལ་པ་དག་ཀྱང་ཞུགས་ཡོད་པས། བོད་ལྗོངས་ཀྱི་ད་ལོའི་རིག་གནས་ལས་གཞི་གལ་ཆེན་སྟེ“ཐང་ག་གསར་བ་བརྒྱ་ཐམ་པ”ཞེས་པའི་རྨང་གཞི་རང་བཞིན་གྱི་དུས་སྐབས་སྔོན་མའི་བྱ་བ་ཐམས་ཅད་བསྒྲུབས་ཚར་བ་དང་། དེས་རྒྱལ་ཁབ་ཕྱི་ནང་གི་སྒྱུ་རྩལ་ཁྱབ་ཁོངས་སུ་རིག་གཞུང་གོ་གནས་བརྩོན་ལེན་བྱེད་པར་རྨང་གཞི་བཏིངས།

    བོད་ལྗོངས་མཛེས་རྩལ་པའི་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་སྤེན་པས་བཤད་རྒྱུར། 2007ལོ་ནས2011ལོའི་བར་བོད་ལྗོངས་མཛེས་རྩལ་པའི་མཐུན་ཚོགས་ཀྱིས་ལས་སྒྲུབ་མི་སྣ་རྩ་འཛུགས་དང་ལས་བགོས་བྱས་ཏེ་དམངས་ཁྲོད་དུ་ཐང་གའི་སྒྱུ་རྩལ་སྐོར་ལ་གཟིགས་ཞིབ་རྟོག་དཔྱོད་བྱས་པ་དང་། དེ་དང་ཆབས་ཅིག པེ་ཅིན་སོགས་ས་ཁུལ་དུ་ཁྱབ་རྒྱ་ཆུང་འབྲིང་གི་སྒོ་ནས་ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་བྱས་ནས་འབྲས་བུ་ཅུང་བཟང་བོ་ཐོབ།

    2011ལོའི་ཟླ4བར། དམངས་ཁྲོད་ཐང་གའི་སྒྱུ་རྩལ་པའི་འཐུས་མིས་བོད་ལྗོངས་མཛེས་རྩལ་པའི་མཐུན་ཚོགས་ལ་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་བྱེད་པའི་བྱ་བ་ཡར་ཞུ་བྱས་ནས་ཆོག་མཆན་ཐོབ་རྗེས། བོད་ལྗོངས་མཛེས་རྩལ་པའི་མཐུན་ཚོགས་ཀྱིས་སྨན་ཐང་ལུགས་ཀྱི་ལྷ་རིས་སྒྱུ་རྩལ་པ་བཞི་བཅུ་ལྷག་རྩ་འཛུགས་བྱས་པ་དང་། འགྲེམ་སྟོན་གྱི་ནང་དོན་གཏན་འཁེལ་བྱས་ཏེ། ད་ལྟའི་བར་བརྩམས་ཆོས་བརྒྱ་དང་སོ་གཉིས་ལྷག་བསྡུ་ལེན་བྱེད་ཐུབ་པ་བྱུང་།

    འདི་ལྟ་བུའི་འགྲེམ་སྟོན་བྱ་འགུལ་སྤེལ་བ་བརྒྱུད། སྒྱུ་རྩལ་པ་རྣམས་ཀྱིས་རིག་གནས་དང་། ལག་རྩལ། ནང་དོན། དེ་མིན་ཐང་ག་བཞེངས་སྐྲུན་བྱེད་པའི་གོ་རིམ་ཁྲོད་ཀྱི་སྤྱོད་སྟངས་ཉམས་ལེན་དང་། མང་ཚོགས་ཀྱིས་བོད་ལྗོངས་ས་གནས་ཀྱི་སྲོལ་རྒྱུན་ཐང་གའི་སྒྱུ་རྩལ་ཐད་སྔར་ལས་རྒྱུས་ལོན་ཟབ་མོ་བྱེད་པར་དོན་སྙིང་ཆེན་མོ་ལྡན།

    བོད་ལྗོངས་ཀྱི་རིམ་པ་གཉིས་པའི་ཐང་གའི་སྒྱུ་རྩལ་པ་ཞ་ལུ་དབང་འདུས་ཀྱིས་བཤད་པ་ལྟར་ན། ཁོ་དང་ཁོའི་སློབ་ཕྲུག་གཉིས་ཀྱིས་ཐེངས་འདིའི་འགྲེམ་སྟོན་ལ་ཞུགས་པར་གྲ་སྒྲིག་བྱེད་ཀྱིན་ཡོད་ཅིང་། འདི་ལྟ་བུའི་འགྲེམ་སྟོན་ལ་ཞུགས་ན་སློབ་ཕྲུག་རྣམས་ཀྱི་སློབ་སྦྱོང་གི་རང་རྟོགས་རང་བཞིན་ལ་སྐུལ་སློང་བྱེད་ཐུབ་པས་ཕན་འབྲས་ཆེན་པོ་ལྡན་ཟེར།

ལྷ་ས་རུ་ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་བྱེད་རྒྱུ་ཡིན་པ།

ཐང་གའི་སྒྱུ་རྩལ་བརྩམས་ཆོས།

ལྷ་ས་རུ་ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་བྱེད་རྒྱུ་ཡིན་པ།
འབྲེལ་ཡོད་མི་སྣས་ཐེངས་འདིའི་ཐང་ག་འགྲེམ་སྟོན་གྱི་ཞིབ་ཕྲའི་སྐོར་བགྲོ་གླེང་བྱེད་བཞིན་པ།

ལྷ་ས་རུ་ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་བྱེད་རྒྱུ་ཡིན་པ།
བོད་ལྗོངས་ཀྱི་རིམ་པ་གཉིས་པའི་ཐང་གའི་སྒྱུ་རྩལ་པ་ཞ་ལུ་དབང་འདུས་ཀྱིས་ཐང་ག་བཞེངས་བཞིན་པ།

 
  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་འཕྲིན་བཅར་བྱ་བའི་གྲོས་ཚོགས་ཐེངས་བདུན་པ་པེ་ཅིན་དུ་བསྡུས།
  • ལེ་ཚན་རྗེས་མ།:སྐབས་གསུམ་པའི་མཚོ་འགག་འགྲམ་གཉིས་ཀྱི་མི་ཚེའི་ཧྲིལ་བོའི་སློབ་གསོའི་གླེང་སྟེགས་དེ་ཟླ8པར་ཟི་ལིང་དུ་ཚོགས་
  • དོ་སྣང་ཆེ་བའི་རྩོམ།