བོད་ཀྱི་ལ་གཞས་འགྲན་བསྡུར་བོད་ལྗོངས་འགྲན་ཁུལ་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-07-11

  ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་སྒྱུ་རྩལ་པའི་མཐུན་ཚོགས་ལས་རྒྱུས་ལོན་པ་ལྟར་ན།  ཕྱོགས་ཡར་མར་ནས་མཚམས་སྦྱོར་དང་ལེགས་འདེམ་བྱས་པར་བརྒྱུད། 2012ལོའི་སྐབས་དང་པོའི་བོད་ཀྱི་ལ་གཞས་འགྲན་བསྡུར་བོད་ལྗོངས་འགྲན་ཁུལ་དུ་ཞུགས་པའི་མིང་ཐོ་ཁྱབ་བསྒྲགས་བྱས།  བསྡོམས་པས་འགྲན་ཞུགས་སྐྱེས་པ་གསུམ་དང་སྐྱེས་མ་གསུམ་ཏེ།  རྡོ་བུ་དང་། ཉི་མ་བློ་བཟང་། ཉི་མ་ཁྱུང་ཟླ།  བསྟན་འཛིན་སྒྲོལ་དཀར། ཕུར་ཁྱུང་། ཚེ་བརྟན་སྒྲོལ་དཀར་བཅས་ཡིན།
          རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ནང་ས་ཁུལ་འགྲན་ཞུགས་པ་འདེམས་ཐོན་བྱུང་རྗེས། ཟླ7པའི་ཟླ་སྨད་ལ་མཚོ་སྔོན་མདོ་ལ་རྫོང་བཙུན་མོ་དམར་ཡག་མའི་གནས་བསྐོར་མཛེས་ལྗོངས་སུ་རྟིང་རྩོད་འགྲན་བསྡུར་སྤེལ་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག་ཏུ་སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ལ་གཞས་དཔྱད་གླེང་ཚོགས་འདུ་བསྡུ་རྒྱུ་རེད།
  • ལེ་ཚན་སྔོན་མ།:བོད་ལྗོངས་ནོར་གནག་རྟེན་མཛོད་ཁང་ཐོག་མ་འཛུགས་སྐྲུན་བྱེད་འགོ་ཚུགས།
  • ལེ་ཚན་རྗེས་མ།:ལི་ཁྲང་ཁྲོན་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་དྲན་གསོ་ཚོགས་ཆེན་ལ་ཞུགས་པ་མ་ཟ
  • དོ་སྣང་ཆེ་བའི་རྩོམ།