བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2012-07-11
ཉེ་སྔོན། རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་ནོར་གནག་རྟེན་མཛོད་ཁང་ཐོག་མ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་རེད། རྟེན་མཛོད་ཁང་འདི་ལྷ་ས་གྲོང་ཁྱེར་གྱི་སྣེའུ་གསར་སྤེལ་ཁུལ་དུ་ཡོད་ཅིང་། པེ་ཅིང་གྲོང་ཁྱེར་གྱིས་རོགས་སྐྲུན་བྱེད་པའི་ལས་གཞིའི་གྲས་ཤིག་ཡིན་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ8000ཡོད། བོད་ལྗོངས་ནོར་གནག་རྟེན་མཛོད་ཁང་ནི་འཛམ་གླིང་སྟེང་གི་ནོར་གནག་དང་ནོར་གནག་རིག་གནས་བརྗོད་གཞིར་བྱས་པའི་རྟེན་མཛོད་ཁང་ཁོ་ན་ཡིན།
བོད་ལྗོངས་ནོར་གནག་རྟེན་མཛོད་ཁང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན་ནོར་གནག་རྟེན་མཛོད་ཁང་ནི་སྲོག་ཆགས་ཀྱི་རྟེན་མཛོད་ཁང་ཁོ་ན་མ་ཡིན་པར་ནོར་གནག་བརྗོད་གཞིར་བྱས་པའི་བོད་ཀྱི་རིག་གནས་རྟེན་མཛོད་ཁང་ཞིག་ཡིན་པ་རེད།
བོད་ལྗོངས་ནོར་གནག་རྟེན་མཛོད་ཁང་གིས་རང་བྱུང་དང་ཚན་རིག་ཁྲོད་ཀྱི་ནོར་གནག་དང་། ལོ་རྒྱུས་དང་སྤྱི་ཚོགས་ཁྲོད་ཀྱི་ནོར་གནག བསམ་པ་དང་སྒྱུ་རྩལ་ཁྲོད་ཀྱི་ནོར་གནག་བཅས་ཁག་གསུམ་དུ་ཕྱེས་ནས་ནོར་གནག་གི་འབྱུང་ཁུངས་དང་། གཡུང་དྭགས་སུ་བཏུལ་ཚུལ། བོད་མིའི་འཚོ་རྟེན་དུ་གྱུར་པའི་ནོར་གནག་དང་བོད་དམངས་ཐུན་མོང་གིས་བོད་ཀྱི་རིག་གནས་བསྐྲུན་ཚུལ། དེ་མིན་སྒྱུ་རྩལ་བརྩམས་ཆོས་ཁྲོད་ཀྱི་ནོར་གནག་གི་རིག་གནས་སོགས་མཚམས་སྦྱོར་བྱེད་པ་ཡིན། སྔོན་རྩིས་བྱས་པ་ལྟར་ན་རྟེན་མཛོད་ཁང་འདི2014ལོའི་འཛམ་གླིང་རྟེན་མཛོད་ཁང་གི་ཉིན་མོར་སྒོ་འབྱེད་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10