ཤིན་ཅང་ཐ་ལི་མུའུ་སྣུམ་ཞིང་གིས་ལྗང་མདོག་གསར་སྤེལ་ལམ་བུ་འཚོལ་ཞིབ་བྱས་པ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚིགས།    2012-07-11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཤིན་ཅང་ཐ་ལི་མུའུ་སྣུམ་ཞིང་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་མང་རིང་ཀུང་སི་དེས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་རྩད་ཞིབ་གསར་སྤེལ་དང་བཙོ་སྦྱངས་ཐོན་སྐྱེད་ཀྱི་འཕེལ་རྒྱས་འཆར་འགོད་ཁྲོད་སྔ་ཕྱི་བར་གསུམ་དུ་བཅུག་ནས་གཤོངས་སའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་བྱས་ཏེ་ཚན་རྩལ་མཐོ་བ་དང་ལག་རྩལ་གསར་གཏོད་ཀྱི་ཐོག་ནས“ལྗང་སྲུང་སྟོབས་ཤུགས”ཆེ་རུ་བཏང་ཐོག“ནག་མདོག་ཐོན་ཁུངས་ལ་ལྗང་མདོག་གསར་སྤེལ”གྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་པ་རེད།

“བྱེ་ཐང་གི་དཔའ་བོའི་ཤིང”སྦྱར་སྐྱ་སྲུང་སྐྱོང་བྱ་ཆེད་གཤོངས་སའི་བྱང་རྒྱུད་ས་ཁུལ་དུ་ལག་རྩལ་པས་ཁྲོན་པའི་ཇུས་འགོད་སྔ་རྗེས་སུ་ཐེངས20ལྷག་ཙམ་འགྱུར་ལྡོག་བཏང་ནས་ཁྲོན་ཁུལ་འབོར་ཆེན་ཞིག་སྦྱར་སྐྱ་སྟུག་པོར་གཟུར་བཤོལ་བྱས་པར་བརྟེན་དེའི་ཐད་ཀྱི་འགྲོ་གྲོན་སྒོར་ཁྲི400ལྷག་ཙམ་མང་དུ་སོང་ཡོད། ཅིས་ལེ་ཁེ་ས་ཚིགས་ཀྱི་རླངས་སྣུམ་འདྲེན་ལམ་ལས་གྲྭ་འཛུགས་སྐྲུན་བྱེད་རིང་རླངས་སྣུམ་འདྲེན་ལམ་ཁག7བསྒྱུར་ནས་མཐར་སྦྱར་སྐྱ་གཅིག་ཀྱང་གཅོད་མི་དགོས་པ་བྱེད་ཐུབ་ཡོད།

ཐ་ལི་མུའུ་ཆུ་བོའི་དབུས་རྒྱུད་ཧུང་ཕན་ཐང་ཆེན་དུ་གནས་པའི་ཧ་ཏེ་སྣུམ་ཞིང་དུ་འདི་ལོའི་ཟླ་3པར་ཞིབ་འཇུག་པས་གསལ་ཚད་ཆེ་བའི་སྲུང་སྐར་འདྲ་པར་གྱི་ཐོག་ནས་སྦྱར་སྐྱ་འདུས་ཁུལ་གཏན་འཁེལ་བྱས་པར་ས་ངོས་སྲུང་སྐར་གྱི་འདྲ་པར་དང་ས་འོག་སྣུམ་གསོག་གནས་ཚུལ་ཧྲིལ་པོའི་པར་རིས་ཆགས་ཐུབ་ཐོག་ཧ་ཏེའི་ཁྲོན་པ24ཐེངས་གཅིག་རང་དུ་འདྲུ་ཐུབ་སྟེ་ཨར་པོ་རྒྱག་རིང་སྦྱར་སྐྱ་སྡོང་རྐང་གཅིག་ལའང་སྐྱོན་མི་ཕོག་པ་བྱེད་ཐུབ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། 2011ལོ་བར་ཐ་ལི་མུའུ་སྣུམ་ཞིང་དུ་ལོ་5བསྟུད་མར་སྣུམ་རླངས་ཐོན་ཚད་ཏུན་ཁྲི2000གི་ཆུ་ཚད་རྒྱུན་འཁྱོངས་ཐུབ་པ་དེ་ནི་རང་རྒྱལ་གྱི་གསོན་ཤུགས་ཆེ་ཤོས་ཀྱི་སྣུམ་ཞིང་གྲས་ཤིག་རེད། །  

 
  • ལེ་ཚན་སྔོན་མ།:བོད་ལྗོངས་མང་ཚོགས་ཀྱིས་དགའ་སྤྲོའི་ངང“འོང་སྐོར་དུས་ཆེན”རོལ་བ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ནོར་གནག་རྟེན་མཛོད་ཁང་ཐོག་མ་འཛུགས་སྐྲུན་བྱེད་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།