ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོའི་བོད་ལྗོངས་དྲ་བ། 2012-07-10
བོད་རིགས་མང་ཚོགས་ཀྱིས“འོང་བསྐོར་དུས་ཆེན”སྟེང་སྲོལ་རྒྱུན་གྱི་འཁྲབ་སྟོན་ལ་ལྟ་བཞིན་པ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས5ཉིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གུང་དཀར་རྫོང་སྐྱིད་ནག་ཤང་གི་ཞིང་བས་ལུས་ལ་དུས་ཆེན་གྱི་ལྭ་བ་གྱོན་ནས། ལོ་རེར་ཐེངས་གཅིག་བསྡུ་བཞིན་པའི“འོང་སྐོར་དུས་ཆེན”ལ་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་། ལོ་ལེགས་འབྱུང་བར་བཀྲ་ཤིས་སྨོན་འདུན་ཞུས། “འོང་བསྐོར་དུས་ཆེན”ནི་ཆོས་དཔེ་ཁུར་ནས་ཞིང་ཁར་སྐོར་བ་བྱས་ཏེ་ལོ་ལེགས་འབྱུང་བར་སྨོན་འདུན་ཞུ་བའི་དུས་ཆེན་ཞིག་ཡིན་པ་དང་། ད་ལྟ་དུས་ཆེན་འདི་ཆོས་ལུགས་ཀྱི་ཆོ་ག་སྤེལ་བ་གཙོ་ཡིན་པའི་སྲོལ་རྒྱུན་གྱི་ཞིང་རྨོ་རིག་གནས་དུས་ཆེན་ལས་རྟ་རྒྱུག་དང་། གླུ་གར་འཁྲབ་སྟོན། རིག་རྩལ་འགྲེམ་སྤེལ། ཚོང་ཟོག་ཉོ་ཚོང་བཅས་གཞི་གཅིག་ཏུ་བསྡུས་པའི་དུས་ཆེན་ཞིག་ཏུ་གྱུར་ཡོད་པས། བོད་རིགས་ཞིང་བའི་དངོས་པོའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་བཏང་། །
རྟ་རྩལ་པས“འོང་སྐོར་དུས་ཆེན”སྟེང་རྟ་ཐོག་ནས་མདའ་རྩལ་མངོམ་བཞིན་པ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10