མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་ཚད་མའི་རྟགས་གསལ་གཏོང་བའི་འགྲན་ཚོགས་སྐབས་ལྔ་བ་སྤེལ་བ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-07-09

མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་ཚད་མའི་རྟགས་གསལ་གཏོང་བའི་འགྲན་ཚོགས་སྐབས་ལྔ་བ་སྤེལ་བ།
སློབ་གྲྭ་དེ་གའི་སློབ་མས་རྟགས་གསལ་གཏོང་བ།

 མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་ཚད་མའི་རྟགས་གསལ་གཏོང་བའི་འགྲན་ཚོགས་སྐབས་ལྔ་བ་སྤེལ་བ།

དྷི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་གྲྭ་བ་དང་སློབ་གྲྭ་དེ་གའི་སློབ་མས་རྟགས་གསལ་གཏོང་བ།

  ཟླ6པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་ཚད་མའི་རྟགས་གསལ་གཏོང་བའི་འགྲན་ཚོགས་སྐབས་ལྔ་བ་སྤེལ་བ་རེད། མཐོ་གཅིག་དང་མཐོ་གཉིས་ཀྱི་འཛིན་གྲྭ31དང་། འགྲན་ཞུགས་པ་མི60ལྷག་འགྲན་སྡུར་ཁྲོད་ཞུགས་ཤིང་། ཚ་ཚ་འུར་འུར་གྱིས་འགྲན་སྡུར་བྱས་པར་བརྒྱུད་མཐོ་གཉིས་འཛིན་གྲྭ་དང་པོ་སོགས་ལ་ཐུན་མོང་གི་བྱ་དགའ་ཐོབ་པ་དང་། ནོར་བུ་དབང་ཕྱུག་དང་ལྷ་མགོན་ཚེ་རིང་སོགས་ལ་ཕུལ་བྱུང་འགྲན་ཞུགས་པའི་བྱ་དགའ་ཐོབ། ཐེངས་འདིའི་འགྲན་ཚོགས་སྟེང་ཆབ་ཆའི་དགོན་གསར་ཐེག་ཆེན་ཆོས་འཁོར་གླིང་གི་དགེ་བཤེས་ལུང་རིགས་ལགས་དང་ངྷི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་གྲྭ་བ་སོགས་གདན་འདྲེན་ཞུས་འདུག
  མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས2007ལོ་ནས་ཚད་མའི་སློབ་ཁྲིད་བྱེད་འགོ་བརྩམས་ཤིང་། སློབ་གྲྭའི་རང་རྐྱ་འཕེར་བའི་རིག་གནས་ཐོན་ཁུངས་གཞི་བྱས་ཐོག  ཚད་མའི་སློབ་ཁྲིད་དེ་བོད་སྐད་ཡིག་སློབ་ཁྲིད་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་བཟུང་སྟེ་སློབ་ཁྲིད་ཀྱི་འཆར་གཞིའི་ཁྲོད་བཞག་ཡོད་དེ། མཐོ་གཅིག་དང་མཐོ་གཉིས་ལ་གཟའ་འཁོར་གཅིག་ནང་སློབ་ཡུན་གཉིས་རིང་གི་ཚད་མའི་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད་པ་དང་། བོད་ཡིག་དགེ་རྒན་གྱིས་གཟའ་འཁོར་གཅིག་ནང་ཐུན་མོང་གི་སློབ་སྦྱོང་བྱ་འགུལ་ཐེངས་གཉིས་སུ་རྩ་འཛུགས་བྱེད་བཞིན་ཡོད། དེར་མ་ཟད་སློབ་གྲྭ་ཡོངས་སུ་ཚད་མ་རིག་པ་ཁྱབ་བརྡལ་དུ་གཏོང་བའི་རྨང་གཞིའི་ཐོག་ལོ་རིམ་སོ་སོ་ལས་གཟེངས་སུ་ཐོན་པའི་སློབ་མ60ལྷག་རྩ་འཛུགས་བྱས་ནས་ཚད་མ་རིག་པའི་སྤྲོ་སྐྱེད་ཚོ་ཆུང་ཞིག་བཙུགས་ཏེ་སློབ་གྲྭ་དེ་གར་ཚད་མ་རིག་པ་ཁྱབ་བརྡལ་དུ་བཏང་། སློབ་གྲྭ་དེས་མཚན་སྙན་གྲགས་ཅན་གྱི་ཚད་མ་རིག་པའི་ཆེད་མཁས་པ་དང་དགེ་རྒན་གདན་འདྲེན་ཞུས་ཏེ་སྔ་གཞུག་ཏུ་བོད་སྐད་ཡིག་སློབ་གསོའི་གླེང་སྟེགས་སམ་ཚད་མ་ཁྲིད་ཐབས་ཀྱི་གྲོས་ཞིབ་ཚོགས་འདུ་སྐབས་གཉིས་དང་ཚད་མ་རིག་པའི་རྟགས་གསལ་གཏོང་བའི་འགྲན་ཚོགས་སྐབས་ལྔ་ལ་སྤེལ་བ་རེད།

མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་ཚད་མའི་རྟགས་གསལ་གཏོང་བའི་འགྲན་ཚོགས་སྐབས་ལྔ་བ་སྤེལ་བ།
འཛིན་གྲྭ་ཐུན་མོང་གིས་རྟགས་གསལ་གཏོང་བཞིན་པ།མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་ཚད་མའི་རྟགས་གསལ་གཏོང་བའི་འགྲན་ཚོགས་སྐབས་ལྔ་བ་སྤེལ་བ།



སློབ་མ་རྣམས་ཀྱིས་ཚད་མའི་གཞུང་བློ་ལ་སྐྱོར་བཞིན་པ།

  མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་ཚད་མའི་ཁྲིད་ཐབས་སྤྱད་པ་ནི་བོད་སྐད་ཡིག་གི་སྲོལ་རྒྱུན་གྱི་སློབ་ཁྲིད་དང་དེང་རབས་སློབ་ཁྲིད་ཟུང་དུ་སྦྲེལ་ཏེ་བསླབ་ཚན་འདོན་སྤེལ་བྱེད་པར་ཚོད་ལེན་པ་དང་། བསླབ་ཚན་ཀྱི་ཐོན་ཁུངས་འདོན་སྤེལ་དང་བེད་སྤྱོད་བྱེད་པའི་ཁར། སློབ་མའི་སྤྱིའི་བྱང་ཚད་སྐྱེད་སྲིང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་ལགས། ཚད་མ་རིག་པའི་སློབ་ཁྲིད་དེ་སློབ་གྲྭ་འདིའི་བོད་སྐད་ཡིག་སློབ་ཁྲིད་ཀྱི་མངོན་པར་དོད་པའི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད་པར་མ་ཟད། རིག་ཚན་ཕན་ཚུན་བར་གཅིག་བསྡུ་དང་། སློབ་ཐུན་ཕྱི་ནང་ཟུང་སྦྲེལ། མི་རིགས་སློབ་འབྲིང་གི་ཁྱད་ཆོས་ལྡན་པའི་བསླབ་ཚན་མ་ལག་ཅིག་གྲུབ་ཡོད་ཅིང་། སློབ་མའི་རིགས་ལམ་སྐྱེད་སྲིང་དང་། མཁྱེན་རྒྱ་ཡངས་པར་སྐྱེད་པ། གནད་དོན་དབྱེ་ཞིབ་དང་ཐག་གཅོད་ཀྱི་ནུས་པ་མཐོ་རུ་འདེགས་པ་བཅས་སུ་མངོན་སུམ་གྱི་དགེ་མཚན་ལྡན་པ་རེད།

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་ཚན་རྩལ་གསར་སྐྲུན་ཚོགས་ཆེན་པེ་ཅིན་དུ་བསྡུས།
  • ལེ་ཚན་རྗེས་མ།:བོད་ལྗོངས་མང་ཚོགས་ཀྱིས་དགའ་སྤྲོའི་ངང“འོང་སྐོར་དུས་ཆེན”རོལ་བ།
  • དོ་སྣང་ཆེ་བའི་རྩོམ།