རྒྱལ་ཡོངས་ཀྱི་ཚན་རྩལ་གསར་སྐྲུན་ཚོགས་ཆེན་པེ་ཅིན་དུ་བསྡུས།

ལྕགས་མཚོ་ཐར། རྡོ་ཐར།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-07-09

རྒྱལ་ཡོངས་ཀྱི་ཚན་རྩལ་གསར་སྐྲུན་ཚོགས་ཆེན་པེ་ཅིན་དུ་བསྡུས།

རྒྱལ་ཡོངས་ཚན་རྩལ་གསར་སྐྲུན་ཚོགས་ཆེན་དེ་ཟླ་བདུན་པའི་ཚེས་དྲུག་ཉིན་ནས་ཚེས་བདུན་བར་དུ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཚོགས་ཐོག་ནས་གསུང་བཤད་གནང་།

རྒྱལ་ཡོངས་ཚན་རྩལ་གསར་སྐྲུན་ཚོགས་ཆེན་དེ་ཟླ་བདུན་པའི་ཚེས་དྲུག་ཉིན་ནས་ཚེས་བདུན་བར་དུ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་ལིས་ཁྲང་ཁྲོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆཱང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧི་གོ་ཆཱང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲིག་ཡུང་ཁང་བཅས་གྲོས་ཚོགས་སུ་ཞུགས།

ཧུའུ་ཅིན་ཐའོ་ཡིས་གྲོས་ཚོགས་སྟེང་དུ་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ཚན་རིག་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་དང་མི་སྣ་འཇོན་ཐང་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱེད་པ་དང་། རང་བདག་གསར་སྐྲུན་དང་། གནད་སའི་མཆོང་སྐྱོད། འཕེལ་རྒྱས་རྒྱབ་རྟེན། མ་འོངས་སྣེ་ཁྲིད་བཅས་ཀྱི་མཛུབ་སྟོན་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་ཚན་རིག་དང་ལག་རྩལ་འཕེལ་རྒྱས་འཆར་འགོད་རྩ་གནད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་བདག་གསར་སྐྲུན་གྱི་ནུས་པ་མཐོར་འདེགས་སུ་གཏོང་བ་ལྟེ་བར་འཛིན་པ། ཚན་རྩལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཟུང་འབྲེལ་དམ་པོ་བྱེད་པ་གཙོ་བོར་བཟུང་སྟེ་སྔར་ལས་ལྷག་པའི་སྒོ་ནས་ཚན་རྩལ་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་བྱེད་པ་དང་། ཤུགས་ཆེན་པོས་ཚན་རྩལ་གསར་སྐྲུན་ལ་བཀག་སྡོམ་བྱེད་པའི་གནད་དོན་འབུར་ཐོན་ཐག་གཅོད་པ། ཚན་རྩལ་གྱིས་དཔལ་འབྱོར་འཕེལ་སྟངས་བསྒྱུར་བ་དང་དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མགྱོགས་མྱུར་སྒོས་རྒྱལ་ཁབ་ཀྱི་གསར་སྐྲུན་མ་ལག་འཛུགས་སྐྲུན་བྱས་ནས་རྒྱལ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་མ་ཟད་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ཧུའུ་ཅིན་ཐའོ་ཡིས་ནན་གྱིས་བསྟན་དོན། ཚན་རྩལ་ནི་མིའི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་། གསར་སྐྲུན་ནི་དཔལ་ཡོན་གོང་འཕེལ་གྱི་ཉམས་མེད་སྒུལ་ཤུགས་ཡིན། དེང་དུས་འཛམ་གླིང་དུ་ཚན་རྩལ་གསར་སྐྲུན་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མིའི་རིགས་ཀྱི་འཚོ་བའི་ཐད་ལ་ཤུགས་རྐྱེན་སྔར་ལས་ཆེན་པོ་ཐེབས་བཞིན་ཡོད་ལ། ཚན་རྩལ་འཕེལ་རྒྱས་ཀྱི་ཆུ་ཚད་དེས་རྒྱལ་ཁབ་ཞིག་གི་ཕྱོགས་བསྡུས་སྟོབས་ཤུགས་དང་འགྲན་ཤུགས་གཙོ་བོ་སྔར་ལས་གཏིང་ཟབ་པའི་སྒོ་ནས་མཚོན་ཡོད། ང་ཚོས་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་སྤེལ་བ་དང་།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་འབེན་མངོན་འགྱུར་བྱེད་པ། མུ་མཐུད་དུ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་རྒྱལ་ཁབ་ཀྱིས་ཁྱོན་ཡོངས་སུ་འཕེལ་རྒྱས་གཏོང་བའི་མཐོ་ཚད་ནས་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་ཚན་རྩལ་གསར་སྐྲུན་སྤེལ་དགོས་ཤིང་། ངེས་པར་དུ་གོ་སྐབས་ཀྱི་འདུ་ཤེས་དང་སེམས་ཁྲལ་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཇེ་མཐོར་གཏོང་དགོས་པ་དང་། རང་བདག་གསར་སྐྲུན་ལ་དམ་དུ་དམིགས་ནས་ཚན་རྩལ་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་སྒོས་སྤེལ་ནས་མགྱོགས་མྱུར་སྒོས་གསར་སྐྲུན་རང་བཞིན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ལམ་ལུགས་དང་སྒྲིག་གཞིའི་འགན་སྲུང་འདོན་སྤྲོད་བྱས་ཏེ་དུས་ཡུན་ཐུང་ངུའི་ནང་དུ་རྒྱལ་ཁབ་གསར་སྐྲུན་གྱི་ནུས་པ་མཐོར་འདེགས་ཆེན་པོ་གཏོང་བར་ཁག་ཐེག་བྱེད་དགོས་ཟེར།

ཧུའུ་ཅིན་ཐའོ་ཡིས་ཚན་རྩལ་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་སྒོས་སྤེལ་བ་དང་། གསར་སྐྲུན་རང་བཞིན་གྱི་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པར་དགོངས་འཆར་དྲུག་བཏོན་པ་སྟེ། དང་པོ། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་དེ་གཙོ་བོ་གསར་སྐྲུན་ལ་བརྟེན་པ་དང་། ཚན་རྩལ་དེ་སྔོན་དུ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཀྱི་གོ་གནས་སུ་འཇོག་པ་དང་། ཚན་རྩལ་གསར་སྐྲུན་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཚོགས་ཡོངས་ལ་གསར་སྐྲུན་གྱི་གསོན་ཤུགས་རྒྱས་སུ་འཇུག་པ་དང་། ཚན་རྩལ་གྱི་དངོས་སྟོབས་དང་དཔལ་འབྱོར་གྱི་དངོས་སྟོབས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་བཅས་མཆོང་སྐྱོད་ཆེན་པོ་འབྱུང་བར་བྱེད་བྱེད་དགོས།  གཉིས་པ། སྔར་ལས་ལྷག་པའི་སྒོ་ནས་རང་བདག་གསར་སྐྲུན་གྱི་ནུས་པ་མཐོར་འདེགས་སུ་གཏོང་དགོས་ཏེ། ཤུགས་ཆེན་པོས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསོ་སྤེལ་དང་དར་རྒྱས་སུ་གཏོང་བ་དང་། མཐོ་གསར་ལག་རྩལ་ལ་བརྟེན་ནས་མགྱོགས་མྱུར་སྒོས་སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་དང་མཐོར་འདེགས་སུ་གཏོང་བ། ཞིང་ལས་ཚན་རྩལ་གསར་སྐྲུན་ཇེ་མགྱོགས་སུ་གཏོང་བ། དམངས་འཚོ་དང་སྤྱི་ཚོགས་དོ་དམ་གསར་སྐྲུན་དང་འབྲེལ་བའི་ཚན་རིག་ལག་རྩལ་སྤེལ་ནས་ཆེས་གསར་བའི་རྨང་གཞི་ལག་རྩལ་ལ་ཞིབ་འཇུག་བྱེད་དགོས། གསུམ་པ། སྔར་ལས་ལྷག་པའི་སྒོ་ནས་ཚན་རྩལ་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་སྒོས་སྤེལ་ཏེ་ཤུགས་ཆེན་པོས་ཁེ་ལས་ལག་རྩལ་གསར་སྐྲུན་གྱི་གོ་གནས་གཙོ་བོར་ཤུགས་སྣོན་པ་དང་། ཚན་རིག་ཞིབ་འཇུག་ཁང་དང་མཐོ་རིམ་སློབ་གྲྭས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཕྱི་སྒྲུབ་པའི་ནུས་པ་ཇེ་ཆེར་བཏང་ཞིང་། གསར་སྐྲུན་མ་ལག་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ། ཚན་རྩལ་ཐོན་ཁུངས་སྒོ་འབྱེད་མཉམ་རོལ་ལ་ཤུགས་སྣོན་པ། ཚན་རྩལ་དོ་དམ་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་སྒོས་སྤེལ་དགོས། བཞི་བ། མི་སྣ་འཇོན་ཐང་ཅན་འཕེལ་རྒྱས་ཀྱི་སྒྲིག་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ངལ་རྩོལ་ལ་བརྩི་འཇོག་དང་ཤེས་བྱར་བརྩི་འཇོག འཇོན་ཐང་ཅན་ལ་བརྩི་འཇོག གསར་སྐྲུན་ལ་བརྩི་འཇོག་བྱེད་པའི་བྱེད་ཕྱོགས་གཙོ་བོ་རྒྱུན་འཁྱོངས་བྱེད་པ། རིགས་མི་འདྲ་བའི་འཇོན་ཐང་མི་སྣ་གཅིག་གྱུར་གྱིས་འཕེལ་རྒྱས་བཏང་ནས་གཞི་ཁྱོན་ཆེ་ཞིང་སྒྲིག་གཞི་འོས་མཐུན་ཡིན་ལ། རྒྱུ་སྤུས་བཟང་པའི་གསར་སྐྲུན་འཇོན་ཐང་མི་སྣའི་དཔུང་ཁག་འཛུགས་སྐྲུན་བྱེད་དགོས། ལྔ་བ། སྔར་ལས་ལྷག་པའི་སྒོ་ནས་གསར་སྐྲུན་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ཚན་རྩལ་གྱི་གྲུབ་འབྲས་བཅོས་བསྒྱུར་བཀོལ་སྤྱོད་བྱེད་པའི་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་ལག་བསྟར་བྱས་ཏེ་སྤྱི་ཚོགས་ཡོངས་ནས་ཚན་རིག་གླེང་བ་དང་ཚན་རིག་ལ་དགའ་བ། ཚན་རིག་སློབ་པ། ཚན་རིག་བེད་སྤྱོད་པའི་ཁོར་ཡུག་དང་དར་སྲོལ་བཟང་པོ་ཆགས་སུ་འཇུག་དགོས། དྲུག་པ། སྔར་ལས་ལྷག་པའི་སྒོ་ནས་ཚན་རྩལ་སྒོ་འབྱེད་དང་མཉམ་ལས་རྒྱ་བསྐྱེད་དེ་རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་ཀྱི་རྒྱལ་སྤྱི་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་ནས་སྔར་ལས་མཐོ་བའི་མགོ་འཛུགས་ས་ཞིག་ནས་རང་བདག་གསར་སྐྲུན་སྤེལ་དགོས་ཟེར།

ཧུའུ་ཅིན་ཐའོ་ཡིས་བསྟན་དོན། གསར་སྐྲུན་ཅན་གྱི་རྒྱལ་ཁབ་འཛུགས་བསྐྲུན་བྱེད་རྒྱུ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁུར་ཞིག་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་ཤེས་མཐོར་འདེགས་སུ་བཏང་ནས་མགོ་ཁྲིད་ལ་ཤུགས་བསྐྱེད་དེ་ལག་བསྟར་བྱེད་པར་དམ་འཛིན་བྱེད་དགོས། ཚན་རྩལ་ཕྱོགས་ལ་མ་དངུལ་གཏོང་བ་རྒྱ་བསྐྱེད་དེ་སྲིད་གཞུང་གིས་ཚན་རྩལ་འཕེལ་རྒྱས་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། སྣ་མང་ཅན་དང་རིམ་པ་མང་ལ།བགྲོད་ལམ་མང་བའི་ཚན་རྩལ་ཕྱོགས་ལ་མ་དངུལ་གཏོང་བའི་མ་ལག་ཅིག་གང་མགྱོགས་སྒོས་ཆགས་སུ་བཅུག་ནས་ཉིས་སྟོང་ཉི་ཤུ་ལོར་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་གཏོད་ཀྱི་འགྲོ་སོང་གིས་རྒྱལ་ནང་ཐོན་སྐྱེད་སྤྱི་འབོར་གྱི་བརྒྱ་ཆའི་གཉིས་གྲངས་ཆུང་ལྔའི་ཡན་ཟིན་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས། རིམ་པ་སོ་སོའི་ཏང་སྲིད་མགོ་ཁྲིད་པ་དང་ནང་སྒོས་སུ་མགོ་ཁྲིད་གཙོ་བོ་དག་གིས་ཚན་རྩལ་ཤེས་བྱ་སློབ་སྦྱོང་བྱས་ཏེ། ཚན་རྩལ་ཤེས་བྱ་ཡིས་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཆོད་དོན་ཆེ་ཤོས་སྟེང་དུ་ཆེད་མཁས་པའི་བསམ་འཆར་ལ་ཉན་ནས་ཚན་རིག་གིས་རྩོད་སྒྲུབ་ལེགས་པོ་བྱེད་དགོས། རྒྱ་ཆེའི་ཚན་རྩལ་མི་སྣ་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱས་ཏེ་ཁོ་ཚོའི་དངོས་ཡོད་ཀྱི་དཀའ་ཁག་ལ་དུས་ལྟར་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་དགོས། རྒྱ་ཆེའི་ཚན་རྩལ་ལས་བྱེད་པས་དུས་ནམ་ཡིན་ཡང་མེས་རྒྱལ་དང་མི་དམངས་སེམས་སུ་བཅངས་ནས་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གསར་གཏོད་ཀྱི་གྲུབ་འབྲས་ལེན་དགོས་ཟེར།

ཝུན་ཅ་པའོ་ཡིས་ཚོགས་ཐོག་ཏུ་གསུང་བཤད་གནང་། ཝུན་ཅ་པའོ་ཡིས་བསྟན་དོན། ཚན་རྩལ་གྱི་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱེད་པའི་དཀྱིལ་སྙིང་གི་འགན་འཁུར་ནི་ཚན་རྩལ་དང་དཔལ་འབྱོར་ཟུང་འབྲེལ་བྱེད་པའི་གནད་དོན་ཐག་བཅད་དེ། ཁེ་ལས་ནི་ལག་རྩལ་གསར་གཏོད་ཀྱི་གཙོ་ཤུགས་སུ་བསྒྱུར་བ་དང་ཁེ་ལས་ཀྱི་གསར་གཏོད་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་དེ་ཡིན། འདི་ནི་རྒྱལ་ཁབ་ཀྱི་རྒྱང་རིང་གི་འཕེལ་རྒྱས་དང་འབྲེལ་བའི་རྨང་གཞི་རང་བཞིན་དང་སྤྱི་ཁྱབ་རང་བཞིན། འཐབ་ཇུས་རང་བཞིན་གྱི་འགན་འཁུར་གལ་ཆེན་ཞིག་ཡིན། ཁེ་ལས་ཀྱི་གསར་གཏོད་ནུས་པ་ཡིས་ཚད་ངེས་ཅན་ཞིག་གི་སྟེང་དུ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ཐག་གཅོད་ངེས་ཟེར།

ཝུན་ཅ་པའོ་ཡིས་ཁེ་ལས་ཀྱི་གསར་གཏོད་ནུས་པར་ཤུགས་བསྐྱེད་པའི་ཐད་ལ་དགོངས་འཆར་འགའ་བཏོན། དང་པོ། ཁེ་ལས་ཀྱིས་ཆུ་ཚད་མཐོན་པོའི་ཞིབ་འཇུག་ལྟེ་གནས་འཛུགས་བསྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་རྒྱལ་ཁབ་ཀྱིས་དམིགས་སུ་བཟུང་ནས་འཛུགས་བསྐྲུན་བྱས་པའི་ལག་རྩལ་ཞིབ་འཇུག་ལྟེ་གནས་དང་ཚོད་ལྟ་ཁང་ཐོག་མར་ཆ་རྐྱེན་འཛོམས་པའི་ཁེ་ལས་གཙོ་བོ་དག་ཏུ་བཀོད་སྒྲིག་བྱེད་དགོས། གཉིས་པ། ཁེ་ལས་གཙོ་བོ་རུ་བྱས་ཏེ་ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག་བཅས་ཟུང་འབྲེལ་བྱེད་པ་གཏིང་ཟབ་ཏུ་གཏོང་དགོས། ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག་བཅས་ཟུང་འབྲེལ་བྱེད་པར་ཐོན་སྐྱེད་གཙོ་བོར་བྱེད་པ་རྒྱུན་འཁྱོངས་བྱས་པ་དེ་ནི་ཁེ་ལས་གཙོར་བཟུང་བ་རེད། རྒྱལ་ཁབ་ཀྱི་ཚན་རྩལ་ལས་གཞི་ཆེ་ཤོས་དག་ལས་ཐོན་སྐྱེད་ཀྱི་དམིགས་འབེན་གསལ་བོར་བཀོད་པ་དག་ཆ་རྐྱེན་ལྡན་པའི་ཁེ་ལས་ཀྱིས་སྣེ་ཁྲིད་དེ་རྩ་འཛུགས་དང་ལག་བསྟར་བྱེད་དགོས། གསུམ་པ། ཚན་རྩལ་ཐོན་ཁུངས་ལོངས་སྤྱོད་བྱེད་པའི་ལམ་ལུགས་འཛུགས་དགོས། རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱེད་བཞིན་པའི་ཚན་རིག་ཞིབ་འཇུག་གི་སྒྲིག་ཆས་ཁེ་ལས་ལ་ཕྱིར་གཏོང་བྱས་ཏེ། ལག་རྩལ་ཞིབ་འཇུག་བྱེད་པའི་ཐུན་མོང་གི་སྟེགས་བུ་རུ་བྱེད་དགོས། རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་བཞིན་པའི་ཚན་རིག་ཞིབ་འཇུག་གི་བྱ་འགུལ་ལས་ལོན་པའི་བརྡ་འཕྲིན་རྒྱུ་ཆ་དག་ཚད་མཐོ་བའི་སྒོ་ནས་སྤྱི་ཚོགས་ཡོངས་ལ་ཡོངས་བསྒྲགས་བྱེད་དགོས། བཞི་བ། དྲང་བཞག་དང་སྒོ་འབྱེད་ཀྱི་ཚོང་རའི་ཁོར་ཡུག་ཅིག་གསར་གཏོད་བྱས་ཏེ། རིགས་སོ་སོའི་ཁེ་ལས་ཀྱིས་འདྲ་མཉམ་སྒོས་གསར་གཏོད་ཀྱི་ཐོན་ཁུངས་ལོངས་སུ་སྤྱོད་དགོས། ཚན་རྩལ་རང་བཞིན་གྱི་ཁེ་ལས་འབྲིང་ཆུང་ལ་གསར་གཏོད་ཀྱི་གསོན་ཤུགས་ལྡན་པ་དང་། དེ་དག་གི་འཕེལ་རྒྱས་ལ་ཕན་པ་ལྡན་པའི་ཆ་རྐྱེན་བསྐྲུན་དགོས། ཤུགས་ཆེན་པོའི་སྒོ་ནས་ཁེ་ལས་ཀྱིས་རྒྱལ་སྤྱིའི་བར་གྱི་ཚན་རྩལ་མཉམ་ལས་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། ཤེས་བྱའི་བདག་དབང་ལ་སྲུང་སྐྱོབ་བྱེད་པར་ཤུགས་བསྐྱེད་དེ་ཚུལ་མཐུན་ཅན་གྱི་ཤེས་བྱའི་བདག་དབང་གི་ཚོང་ར་འཛུགས་བསྐྲུན་བྱེད་དགོས་ཟེར།

ཝུན་ཅ་པའོ་ཡིས་ནན་གྱིས་བསྟན་དོན། སྲིད་ཇུས་ཐད་ནས་ཚད་ངེས་ཅན་ཞིག་ནས་ཁེ་ལས་ཀྱི་གསར་གཏོད་ལ་རྒྱབ་སྐྱོར་བྱས་ཏེ་མིག་སྔའི་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་རྒྱུ་མ་ཟད་སྔར་ལས་འཐུས་ཚང་དུ་བཏང་བ་དང་། གཙོ་བོ་སྲིད་ཇུས་བར་གྱི་མཐུན་སྦྱོར་རང་བཞིན་གྱི་གནད་དོན་ཐག་གཅོད་བྱས་ཏེ་སྲིད་ཇུས་ཀྱི་དམིགས་བསལ་རང་བཞིན་དང་ནུས་པ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ནོར་སྲིད་རང་བཞིན་གྱི་ཚན་རྩལ་ཕྱོགས་ལ་མ་དངུལ་གཏོང་བའི་གཏན་འཇགས་ཀྱི་དུས་ཡུན་རིང་བོའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་ནོར་སྲིད་རོགས་སྐྱོར་དང་ཁྲལ་བསྡུ་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་འཐུང་ཚང་དུ་བཏང་སྟེ། ཁེ་ལས་ཀྱི་ཞིབ་འཇུག་ཐད་ལ་གཏོང་བའི་མ་དངུལ་རྒྱ་བསྐྱེད་པར་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་དགོས། ཚན་རྩལ་རང་བཞིན་གྱི་ཁེ་ལས་ཆུང་འབྲིང་གི་ཡིད་རྟོན་བསྐྱི་དངུལ་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱས་ཏེ། མ་རྩའི་ཚོང་རས་ཚན་རྩལ་རང་བཞིན་གྱི་ཁེ་ལས་ཆུང་འབྲིང་གིས་གསར་གཏོད་ཐད་ལ་ཐོན་པའི་ནུས་པ་གལ་ཆེན་དག་ཕྱོགས་ཡོངས་ནས་འདོན་སྤེལ་བྱེད་དགོས། ཐོན་ལས་ལག་རྩལ་གྱི་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ཁེ་ལས་ཀྱིས་ལག་རྩལ་གསར་བ་དང་བཟོ་རྩལ་གསར་བ་བཀོལ་སྤྱོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཚན་རྩལ་དང་ཐོན་ལས་མཉམ་འབྲེལ་གྱི་འཕེལ་རྒྱས་ཀྱི་རྣམ་པ་དང་འཚམ་པར་བྱས་ཏེ་ལག་རྩལ་གསར་བའི་ཁེ་ལས་གཏན་འཁེལ་བྱེད་པའི་བྱེད་ཐབས་ཇེ་ལེགས་སུ་གཏོང་དགོས། ཞིབ་འཇུག་ལས་ཁུངས་དང་མཐོ་རིམ་སློབ་གླིང་གི་མི་དོན་དོ་དམ་ལམ་ལུགས་ལ་བཅོས་སྒྱུར་བྱས་ཏེ། སྒོ་འབྱེད་དང་འགྲན་རྩོད། འགུལ་སྐྱོད་ཀྱི་མི་སྣ་བཀོལ་སྤྱོད་བྱེད་པའི་ལམ་ལུགས་འཛུགས་དགོས། ཚན་རྩལ་མི་སྣ་ཡིས་ཁེ་ལས་དང་ཚན་རྩལ་ཞིབ་འཇུག་ཁང་། མཐོ་རིམ་སློབ་གླིང་བར་གྱི་འགུལ་སྐྱོད་ལ་སྐུལ་འདེད་བྱས་ཏེ། ཁོ་ཚོའི་གསར་གཏོད་དང་། ནང་སྒོས་སུ་ཚན་རྩལ་རང་བཞིན་གྱི་ཁེ་ལས་ཆུང་འབྲིང་གི་གསར་གཏོད་ལ་རྒྱབ་སྐྱོར་བྱེད་དགོས། ལག་རྩལ་ནང་ཞུགས་དང་བགོ་བཤའ་རྒྱག་པའི་ལམ་ལུགས་འཐུང་ཚང་དུ་བཏང་ནས་ལས་གནས་ཀྱི་འགན་འཁུར་དང་བྱ་བའི་གྲུབ་འབྲས། དངོས་ཡོད་ཀྱི་བྱས་རྗེས་བཅས་ཟུང་འབྲེལ་བྱེད་པའི་སྐུལ་འདེད་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཚན་རྩལ་མི་སྣའི་གསར་གཏོད་རང་བཞིན་གྱི་ངལ་རྩོལ་ལ་རང་གི་རིན་ཐང་དང་འཚམ་པའི་ཡོང་སྒོ་དང་སྤྱི་ཚོགས་ཀྱི་གདེང་འཇོག་དང་བརྩི་བཀུར་ཐོབ་བར་བྱེད་དགོས་ཟེར།

ལིས་ཁི་ཆཱང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་མཛད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན་ལིག་ཡན་ཏུང་གིས་ཕྱོགས་བསྡོམས་གཏམ་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་དང་ཙུང་ལི་ཝུན་ཅ་པའོ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་བྱས་ཏེ་ཕྱོགས་ཡོངས་ནས་ཚན་རྩལ་ལམ་ལུགས་གཏིང་ཟབ་ཏུ་བཅོས་སྒྱུར་དང་། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་མྱུར་དུ་འཛུགས་པའི་བསམ་འཆར་ལག་བསྟར་བྱེད་དགོས་པར་མ་ཟད།བསམ་བློ་དང་འགུལ་སྐྱོད་གཉིས་ཀྲུང་དབྱང་གི་ཆོད་དོན་དང་བཀོད་སྒྲིག་སྟེང་དུ་གཅིག་གྱུར་བྱེད་དགོས། ཚན་རིག་དང་མཐུན་པར་ཚན་རྩལ་བཅོས་སྒྱུར་འཕེལ་རྒྱས་ཁྲོད་ཀྱི་འབྲེལ་བ་གལ་ཆེན་དག་ལ་རྒྱུས་ལོན་བྱས་ཏེ། ཚན་རྩལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ལ་ཞབས་ཕྱི་སྒྲུབ་པ་དང་། སྤྱི་ཚོགས་ལ་བདེ་སྐྱིད་བསྐྲུན་པ། དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བྱ་བའི་རྩ་འཛུགས་དང་མགོ་ཁྲིད་ལག་བསྟར་བྱེད་པར་ཤུགས་བསྐྱེད་དེ་སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་དགོས་པར་མ་ཟད། སྲིད་ཇུས་དང་བྱེད་ཐབས་མྱུར་དུ་སྒྲིག་བཟོ་བྱས་ནས་ཚོགས་འདུའི་དགོངས་དོན་དང་ཚན་རྩལ་ལམ་ལུགས་བཅོས་སྒྱུར་ཀྱི་འགན་འཁུར་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཟེར།

ཚོགས་འདུར་ཞུགས་པའི་བློ་མཐུན་ལ་ད་དུང་ཧོས་ལེང་ཡུས་དང་ལིག་ཡུན་ཧྲན། ལིས་ཡོན་ཁྲོའོ། ཝང་ཡང་། ཀྲང་ཀའོ་ལིས། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། གོ་པོ་ཞོང་། ཧི་ཡོང་། ལིན་ཅི་ཧྭ། ལུའུ་ཡུང་ཞང་། མ་ཁའེ། ཝང་ཀང་བཅས་ཡོད།

  • ལེ་ཚན་སྔོན་མ།:ཝུན་ཅ་པའོ་ཡིས་ཅང་སུའུ་རུ་རྟོག་ཞིབ་མཛད།
  • ལེ་ཚན་རྗེས་མ།:མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་ཚད་མའི་རྟགས་གསལ་གཏོང་བའི་འགྲན་ཚོགས་སྐབས་ལྔ་བ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།