དེང་རབས་ཕྱུགས་ལས་ཀྱི་གོམ་ཁ་གསར་བ།

ཤ་བོ་རིན་མཚོ། རྣམ་རྒྱལ་རིག་འཛིན།        2012-07-06

རྨ་ཆུ་སྡེ་བ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་དབུལ་ཕོངས་སྡེ་བ་ཞིག་ཡིན་པ་དང་། སྡེ་བ་ཡོངས་སུ་བསྡོམས་པས་ཁྱིམ་ཚང་བརྒྱ་དང་སོ་གཉིས་ཡོད་པ་དང་མི་གྲངས་ལྔ་བརྒྱ་དོན་གཉིས་ཡོད་ལ། ངལ་རྩོལ་པ་ཉིས་བརྒྱ་བཅུ་བདུན་ཡོད། རང་བྱུང་རྩྭ་ས་མུའུ་འབུམ་གཅིག་དང་ཁྲི་གཉིས་ཡོད་པ་དང་། དེའི་ནང་བཀོལ་སྤྱོད་བྱས་ཆོག་པའི་རྩྭ་ས་མུའུ་འབུམ་གཅིག་དང་ཁྲི་གཅིག་ཡོད།

2008ལོར། ཐུན་ཏེ་རྫོང་གིས་སྡེ་བ་དེའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། སྡེ་བ་དེ་རུ་རྫོང་དེའི་འབྲོང་ཚ་གསོ་སྤེལ་རྟེན་གཞི་བཙུགས་པ་དང་། དེའི་རྨང་གཞིའི་སྟེང་། 2010ལོར། སྡེ་བ་ཡོངས་ཀྱི་སྡེ་མི་རྣམས་ཀྱིས་མ་རྐང་བཞག་ནས“རྨ་ཆུ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང”བཙུགས། ཧུར་ཐག་གིས་མ་རྐང་ལམ་ལུགས་ཀྱི་བདག་གཉེར་རྣམ་པའི་དཔེ་སྟོན་ནུས་པ་ཆགས་སུ་བཅུག་ནས། ཁྱིམ་ཚང་སོ་གསུམ་གྱི་འབྲོག་པ་རྣམས་ཀྱིས་འདྲ་མཉམ་དང་རང་འགུལ་གྱི་རྩ་དོན་ལྟར། རྩྭ་ས་དང་ཕྱུགས་ཟོག་མ་རྐང་དུ་འཇོག་པའི་བྱེད་ཐབས་སྤྱད་དེ་ཕྱུགས་ལས་མ་རྐང་བདག་གཉེར་ཚན་ཆུང་གཉིས་སུ་བཀར་བ་དང་། རྩྭ་ས་མ་རྐང་དུ་བཞག་ཚད་བསྡོམས་པས་མུའུ་ཁྲི་གཅིག་དང་སྟོང་གསུམ་དྲུག་བརྒྱ་གྱ་གཅིག་ཡོད་པ་དང་། ནོར་གནག་བཞི་བརྒྱ་དོན་བདུན་ཡོད་པས། གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཐོན་སྐྱེད་རྣམ་པ་ཐོག་མར་ཆགས། སྡེ་བ་ཡོངས་སུ་མ་རྐང་དུ་བཞག་པའི་སྒོར་འབུམ་བརྒྱད་དང་ཁྲི་ལྔ་ལ་བསླེབས་ཡོད་པ་དང་། རྨ་བྱང་ཞང་ནས་ཚོང་ཁང་གྱན་སུམ་བཅུ་ཉོས་པ་དང་། དེ་དག་ཏུ་མགྲོན་ཁང་དང་ཟ་ཁང་། ཚོང་ཁང་བཅས་གཉེར་བཞིན་ཡོད། གཞན་འབྲོག་པ་ཁྱིམ་ཚང་གྱ་གཉིས་ཀྱིས་སྒོར་འབུམ་གཅིག་དང་ཁྲི་ལྔ་མ་རྐང་དུ་བཞག་ཏེ། འོ་མ་ལས་སྣོན་བྱེད་པའི་སྒྲིག་ཆས་ཞེ་ལྔ་དང་། ཚོང་ཁང་གྱན་བཞི་ཉོས་པ་དང་། ནོར་གནག་གི་ཤ་སྐམ་དང་། འོ་མ། མར། ཆུར་བ། རྩམ་པ། གྲོ་མ་སོགས“ནོར་གནག་རྟགས་ཅན”གྱི་ཕྱུགས་ལས་ཐོན་རྫས་སྣ་དྲུག་གསར་སྤེལ་བྱས། ཕྱུགས་ལས་ཐོན་རྫས་གསར་སྤེལ་དང་། མ་རྐང་དུ་བཞག་ནས་ཚོང་ལས་གཉེར་བ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་ནས། ཡོང་སྒོ་སྣ་མང་ཅན་གྱི་རྣམ་པ་ཆགས། 2010ལོར་མཉམ་ལས་ཁང་གི་ཡོང་སྒོ་སྒོར་འབུམ་དྲུག་དང་ཁྲི་གཅིག་སྟོང་དགུ་ཡིན་པ་དང་། མཉམ་ལས་ཁང་གི་མི་རེའི་ཡོང་སྒོ་རྐྱང་བ་སྒོར་བཞི་བརྒྱ་སོ་བརྒྱད་འཕར་བ་རེད།

མཉམ་ལས་ཁང་དེ་བཙུགས་ནས་འཕེལ་རྒྱས་བྱུང་བས། ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་མཉམ་ལས་ཁང་གིས་རྟེན་གཞིའི་སྣེ་ཁྲིད་དེ་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་ཞིག་ལ་བསྙེགས་པ་དང་། རོང་འབྲོག་པའི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་རང་གིས་རྩ་འཛུགས་བྱེད་པ་དང་། རང་གིས་ཞབས་ཞུ་སྒྲུབ་པ། རང་གིས་འཕེལ་རྒྱས་སུ་གཏོང་བ་བཅས་མངོན་འགྱུར་བྱུང་བས། ཕྱུགས་ལས་ཐོན་སྐྱེད་བདག་གཉེར་བྱེད་སྟངས་ལེགས་བསྡུས་ཞིབ་གཉེར་ཅན་དང་། མཉམ་ལས་ཅན། ཆེད་ལས་ཅན། རྩ་འཛུགས་ཅན་འཕེལ་རྒྱས་ཀྱི་ཕྱོགས་ལ་སྐུལ་ཁྲིད་བྱས།

  • ལེ་ཚན་སྔོན་མ།:“ངའི་མཐོང་སྣང་ཁྲོད་ཀྱི་བོད་ལྗོངས”ཞེས་པའི་སློབ་ཆེན་པའི་བརྙན་གཟུགས་འགྲན་སྡུར་སྐབས་གཉིས་པ་འགོ་ཚུགས།
  • ལེ་ཚན་རྗེས་མ།:ཝུའུ་པང་གོ་ཡིས་ལའོ་ཨར་ཁ་སི་ཐི་ལོ་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།