དབང་ཆེན་ཚེ་རིང་། མཚོ་སྔོན་པོ་དྲ་བ། 2012-07-06
“ངའི་མཐོང་སྣང་ཁྲོད་ཀྱི་བོད་ལྗོངས”ཞེས་པའི་སློབ་ཆེན་པའི་བརྙན་གཟུགས་འགྲན་སྡུར་སྐབས་གཉིས་པའི་འགོ་རྩོམ་མཛད་སྒོ།
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཤེས་རབ་ཉི་མས་གསུང་བཤད་གནང་བཞིན་པ།
འགྲན་ཞུགས་སློབ་མར་བཅར་འདྲི་བྱེད་བཞིན་པ།
འགྲན་ཞུགས་སློབ་མར་བཅར་འདྲི་བྱེད་བཞིན་པ།
འགྲན་སྡུར་གྱི་དམིགས་ཡུལ་ནི་སློབ་ཆེན་པའི་སྤྲོ་སེམས་དང་མཐོང་སྣང་སྤྱད་དེ“བོད་ལྗོངས་ལ་བལྟ་བ།” བརྙན་གཟུགས་སྤྱད་དེ་ཇི་མ་ཇི་བཞིན་དུ་ཟིན་ཐོར་འགོད་པ་དང་། བོད་ལྗོངས་དང་བོད་ཁུལ་གཞན་དག་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འགྱུར་ལྡོག་མངོན་པར་བྱེད་པ། དེའི་མཚུངས་སུ་སློབ་རའི་རིག་གནས་འཚོ་བ་འཁྲུག་པོར་བཟོ་བ་དང་མཐོ་རིམ་སློབ་གྲྭའི་ལོ་གཞོན་སློབ་མར་འཇོན་ཐང་ངོམས་པའི་སྡིངས་ཆ་ཞིག་མཁོ་འདོན་བྱས་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན་འགྲན་བསྡུར་ཟླ7པ་ནས་ཟླ10བའི་བར་དུ་རྒྱུན་སྲིང་རྒྱུ་ཡིན་ཅིང་། པར་བསྐྱོན་པའི་རྣམ་པDVརིགས་དང་བརྙན་ལེན་གྱི་རིགས་གཉིས་སུ་ཕྱེས་ཡོད་པ་དང་། བརྗོད་བྱ་ལ་མཛེས་ལྗོངས་ཀྱི་རིགས་དང་། མི་ཆོས་ཀྱི་རིགས། འཛུགས་སྐྲུན་གྱི་རིགས་བཅས་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10