ཞི་ཅིན་ཕེན་གྱིས་ཐེ་གོའི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་བ།

མཚོ་མོ་སྐྱིད།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-07-06

ཞི་ཅིན་ཕེན་གྱིས་ཐེ་གོའི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྱིས་ཚེས་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཐེ་གོའི་ཕྱི་འབྲེལ་པུའུ་ཀྲང་སོ་ལ་ཕིན་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྱིས་ཚེས་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཐེ་གོའི་ཕྱི་འབྲེལ་པུའུ་ཀྲང་སོ་ལ་ཕིན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ཐེ་གོ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ། གཉེན་ཉེ་བཟང་བོ་བཅས་ཡིན། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། གཉིས་ཕན་མཉམ་ལས་བཅས་བྱས་ཏེ། སྤྱི་ཚོགས་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་གཉིས་མཛའ་མཐུན་མཉམ་གནས་བྱེད་པའི་མིག་དཔེར་གྱུར་ཡོད། འདི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་མ་ཟད། ཀྲུང་གོས་མཐའ་སྐོར་གྱི་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཡང་མིག་དཔེའི་ནུས་པ་བཟང་བོ་ཞིག་ཐོན་ཡོད་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ད་ལོའི་ཟླ་བཞི་བའི་ནང་ཙུང་ལི་དབྱིན་ལཱ་བདེ་བླག་ངང་ཀྲུང་གོར་འཚམས་འདྲིར་ཡོང་ནས་རྒྱལ་ཁབ་གཉིས་བར་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ཤིང་། ཀྲུང་གོ་དང་ཐེ་གོའི་ཁྱབ་ཁོངས་ཁག་གི་མཛའ་མཐུན་བརྗེ་རེས་དང་མཉམ་ལས་ལ་གོ་སྐབས་གསར་བ་བསྩལ། ཕྱོགས་གཉིས་ཀྱིས་མཐོ་རིམ་འགྲོ་འོང་སྲུང་འཛིན་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མི་ཚུལ་བརྗེ་རེས་རྒྱ་བསྐྱེད་པ།རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ཇེ་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ནས་ས་ཁུལ་རང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

སོ་ལ་ཕིན་གྱིས་བསྟན་དོན། ཐེ་གོ་དང་ཀྲུང་གོ་གཉིས་ནི་ཁྱིམ་ཚང་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པ་དེས་རྒྱལ་ཁབ་གཉིས་ཀྱི་རྒྱང་རིང་གི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོར་བསྟན། ཐེ་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་གཙིགས་སུ་འཛིན་གྱིན་ཡོད་ལ། ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་ལ་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རང་བཞིན་གྱི་མཉམ་ལས་ཐུན་མོང་འགུལ་སྐྱོད་འཆར་གཞི་མུ་མཐུད་དུ་ལག་བསྟར་བཟང་བོ་བྱས་ཏེ། ཐེ་གོ་དང་ཀྲུང་གོའི་འབྲེལ་བ་དང་། ཤར་ཕྱོགས་མནའ་འབྲེལ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བ་ཚད་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བྱེད་འདོད་ཡོད་ཟེར། 

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་ཞིང་བས་ཆོས་སྐོར་དུས་ཆེན་རོལ་བ།
  • ལེ་ཚན་རྗེས་མ།:“ངའི་མཐོང་སྣང་ཁྲོད་ཀྱི་བོད་ལྗོངས”ཞེས་པའི་སློབ་ཆེན་པའི་བརྙན་གཟུགས་འགྲན་སྡུར་སྐབས་གཉིས་པ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།