བོད་ལྗོངས་ཀྱི་ཞིང་བས་ཆོས་སྐོར་དུས་ཆེན་རོལ་བ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོའི་བོད་ལྗོངས་དྲ་བ།    2012-07-06

 ཟླ7པའི་ཚེས3ཉིན།  བོད་རང་སྐྱོང་ལྗོངས་སྟོད་ལུང་བདེ་ཆེན་རྫོང་ཡབ་མདའ་ཤང་དུང་དཀར་གྲོང་རྡལ་གྱི་མང་ཚོགས་ཀྱིས་ཆོས་དཔེ་རེ་ཁུར་ནས་ཞིང་བར་ནས་སྐོར་བ་བྱས་ཏེ་ལོ་ལེགས་འབྱུང་བར་སྨོན་འདུན་ཞུས། 
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས3ཉིན་ནི་བོད་ལུགས་ཀྱི་ཟླ5བའི་ཚེས15ཉིན་ཡིན་པ་དང་། བོད་ལྗོངས་ཞིང་ལས་ས་ཁུལ་གྱིས་ལོ་རེའི་ནང་སྤེལ་བཞིན་པའི་ཆོས་སྐོར་དུས་ཆེན་གྱི་ཉིན་མོ་ཡིན་ལ། སྲོལ་རྒྱུན་ལྟར་ན། ཞིང་ལས་ས་ཁུལ་གྱི་མང་ཚོགས་ཚོས་དུས་ཆེན་གྱི་ལྭ་བ་གྱོན་ནས་ཞིང་བར་དུ་བསྐྱོད་ཅིང་། ས་ཞིང་ལ་བསྐོར་བ་རྒྱག་ཞོར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཆོས་ལུགས་ཀྱི་ཆོ་ག་རབ་དང་རིམ་པ་སྤེལ་ནས་ལོ་འདིར་མི་ལ་ན་ཚ་མེད་ཅིང་། ཕྱུགས་ལ་གོད་ཀ་མི་ཡོང་བ། ས་ཞིང་ལ་ལོ་ལེགས་འབྱུང་བའི་བཀྲ་ཤིས་སྨོན་ལམ་ཞུ་ངེས། ། བོད་ལྗོངས་ཀྱི་ཞིང་བས་ཆོས་སྐོར་དུས་ཆེན་རོལ་བ།
  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་འཇར་པན་ཀོན་ཞི་ནོར་སྲིད་ལས་རིགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་ཐེ་གོའི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།