མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-07-05
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྱིས་ཚེས3ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་པན་ཀོན་ཞི་དཔལ་འབྱོར་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་སིན་ཞང་ཅེ་དང་ཏ་པན་ཚོང་བཟོ་གྲོས་ཚོགས་ཁང་གི་ཚོགས་གཙོ་ཙོ་ཐིན་མོ་ཞུང་གཙོ་ཡིན་པའི་འཇར་པན་ཀོན་ཞི་ནོར་སྲིད་ལས་རིགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་ཀོན་ཞི་དཔལ་འབྱོར་ལས་རིགས་ཀྱིས་དུས་ཡུན་རིང་བོར་ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་གཟེངས་བསྟོད་མཛད་པར་མ་ཟད། ཀོན་ཞི་ས་ཁུལ་དང་བཅས་པའི་འཇར་པན་དཔལ་འབྱོར་ལས་རིགས་མུ་མཐུད་དུ་ཀྲུང་གོའི་དཔལ་འབྱོར་འཛུགས་སྐྲུན་ཐད་ལ་ཞུགས་རྒྱུའི་ཐུགས་རེ་བཏོན།
ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་ནས་ལོ་བཞི་བཅུ་འགོར་བའི་ལོ་ཡིན། ལོ་བཞི་བཅུའི་ཡར་སྔོན་ལ་རྒྱལ་ཁབ་གཉིས་ཀྱི་སྔོན་བྱོན་ཆབ་སྲིད་མཁས་པས་ཆབ་སྲིད་ཐད་ཀྱི་དཀའ་ཁག་དང་འགལ་རྐྱེན་སྣ་ཚོགས་ལ་དམིགས་ཤིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་གཞིར་བཟུང་བ་དང་། ལོ་རྒྱུས་ཀྱི་འགན་འཁྲིའི་བསམ་པ་དྲག་པོ་བཅངས་པ་དང་ཆབ་སྲིད་ཀྱི་སྤོབས་པ་ཆེ་རུ་བསྐྱེད་དེ་ཐབས་ཇུས་སྣ་ཚོགས་གཏན་འཁེལ་བྱས་ནས། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་བཏང་། ཕྱིན་ཆད་ཀྱང་ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་མུ་མཐུད་དུ་ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་པ་དང་། དེ་རྒྱལ་ཁབ་གཉིས་དང་ཐ་ན་ཨེ་ཤ་ཡ་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཕན་པ་ཡོད། དཔལ་འབྱོར་ལས་རིགས་ཀྱི་གྲོགས་པོ་རྣམས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་ལ་རྒྱུས་ལོན་བྱེད་པར་ཤུགས་བསྣན་ནས། ཀྲུང་གོ་དང་འཇར་པན་བར་གྱི་འཐབ་ཇུས་གཉིས་ཕན་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།
སིན་ཞང་ཅེ་དང་ཙོ་ཐིན་མོ་ཞུང་གཉིས་ཀྱིས་འཇར་པན་ཀོན་ཞི་དཔལ་འབྱོར་མཉམ་འབྲེལ་ཚོགས་པ་སོགས་དཔལ་འབྱོར་ཚོགས་ཁག་གིས་ཀྲུང་གོའི་དཔལ་འབྱོར་ལས་རིགས་དང་མཉམ་དུ་འཇར་པན་དང་ཀྲུང་གོའི་དཔལ་འབྱོར་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བཤད།
འཇར་པན་ཀོན་ཞི་ནོར་སྲིད་ལས་རིགས་ཀྱི་འཐུས་ཚབ་ཚོགས་པ་ནི་ཀྲུང་གོའི་ཉོ་ཚོང་ཡར་སྐུལ་ཚོགས་པས་གདན་དྲངས་པ་ལྟར་ཀྲུང་གོར་འཚམས་འདྲིར་ཡོང་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10