རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟས་རིགས་བདེ་འཇགས་བྱ་བར་ཤུགས་སྣོན་པའི་ཆོད་དོན་ཁྱབ་བསྒྲགས་བྱས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-07-05

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན«ཟས་རིགས་བདེ་འཇགས་བྱ་བར་ཤུགས་སྣོན་པའི་ཆོད་དོན»དཔེ་སྐྲུན་འགྲེམ་སྤེལ་བྱས་ཏེ། ཁྲིམས་འགལ་ནག་ཉེས་ལ་ཆད་པ་ནན་མོ་གཅོད་པ་དེ་ཟས་རིགས་བདེ་འཇགས་བཅོས་སྐྱོང་གི་རྒྱུན་ལྡན་གྱི་བྱ་བ་རུ་བརྩིས་ནས། ལས་རིགས་ཐུན་མོང་གི་མངོན་མེད་ཉེན་ཁ་དང་གནད་དོན་ལ་ཞིབ་བཤེར་དང་བཅོས་སྐྱོང་བྱ་དགོས་ཞེས་གསལ་བོར་བསྟན། ཐེངས་འདིའི་ཆོད་དོན་ལས་ད་དུང་ཟས་རིགས་བདེ་འཇགས་དེ་ཐོག་མར་ས་གནས་སྲིད་གཞུང་གི་ལས་གནས་གྲུབ་འབྲས་དཔྱད་ཞིབ་ནང་དོན་ཁྲོད་བཞག་སྟེ། ཟས་རིགས་བདེ་འཇགས་དོན་རྐྱེན་ཚབས་ཆེན་བྱུང་བའི་ས་གནས་སུ། དཔལ་ཡོན་གྲོང་ཁྱེར་དང་འཕྲོད་བསྟེན་གྲོང་ཁྱེར་སོགས་ལེགས་འདེམས་གསར་སྐྲུན་བྱ་འགུལ་ཁྲོད་འདེམས་ཤོག་གཅིག་གིས་ངོ་རྒོལ་བྱས་ན་གྲོས་མཐུན་འབྱུང་བར་བྱས་ཡོད། ཆོད་དོན་ལས་ཟས་རིགས་བདེ་འཇགས་ཐོན་སྐྱེད་ལས་གཉེར་ལས་ཁུངས་ཀྱིས་ཡིད་རྟོན་ཆ་འཕྲིན་གྲངས་མཛོད་འཛུགས་རྒྱུ་མ་ཟད། དངུལ་རྩའི་ལས་ཁུངས་དང་དངུལ་འཛིན་ལྟ་ལྟོག་སོགས་སྡེ་ཁག་དང་མཉམ་སྤྱོད་བྱས་ནས། ཁྲིམས་འགལ་གྱི་ཁེ་ལས་དང་མི་སྒེར་གྱི་མིང་ཐོ་དུས་ཐོག་ཏུ་ཁྱབ་སྒྲོག་བྱེད་དགོས་པའི་རེ་བ་བཏོན་ཡོད།  །  

 
  • ལེ་ཚན་སྔོན་མ།:དོན་གྲུབ་ཚེ་བརྟན་ལགས་ཀྱིས་སྒེར་ངོས་ནས་མ་དངུལ་བསྡུས་ཏེ་གླུ་ལེན་ཆེད་ཚོགས་སྤེལ་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་འཇར་པན་ཀོན་ཞི་ནོར་སྲིད་ལས་རིགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།