ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཤེས་རིག་འགྲན་བསྡུར་གྱི་བྱ་འགུལ་ཐེངས་ཤིག་སྤེལ།

སྟག་རིག་འབྲུག་ཐར།    མཚོ་སྔོན་པོ་དྲ་བ།    2012-07-02

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཤེས་རིག་འགྲན་བསྡུར་གྱི་བྱ་འགུལ་ཐེངས་ཤིག་སྤེལ།
ཤེས་བྱ་འགྲན་བསྡུར་གྱི་ཡུལ་དངོས།
 

    བགྲང་གཞི་དུས་ཀྱི་འཁོར་འགྲོས་ལས། ལྗང་མདོག་གི་ལང་ཚོར་གསོན་ཤུགས་ཀྱི་དཔལ་འབར་བའི་དུས་བཟང་འདི་བེད་སྤྱད་དེ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བརྩོན་འགྲུས་གླིང་གིས་ཟླ6པའི་ཚེས26ཉིན་གྱི་དགོང་སྦྱོང་གི་སྐབས་སུ་ཤེས་རིག་འགྲན་བསྡུར་གྱི་བྱ་འགུལ་ཐེངས་ཤིག་སྤེལ།
         སློབ་གྲྭའི་མགོ་ཁྲིད་ཀྱི་རྒྱབ་སྐྱོར་དང་ཐུགས་ཁུར་འོག  བོད་ཡིག་དགེ་རྒན་ཚོས་སྣེ་ཁྲིད་དེ་རྒྱ་ཆེའི་སློབ་གྲོགས་ཡོངས་ལ་སློབ་སྦྱོང་གི་ཁ་དབུགས་དྭངས་མ་ཞིག་བསྐྲུན་རྒྱུ་དང༌། རིགས་མཐུན་ཚོའི་སྐད་ཡིག་གི་ཆུ་ཚད་མཐོར་འདེགས་གཏོང་སླད། བརྩོན་འགྲུས་གླིང་གི་སློབ་མ་ཡོངས་ལ་ཁ་གཏད་དེ་ཤེས་རིག་འགྲན་བསྡུར་གྱི་བྱ་འགུལ་ཐེངས་ཤིག་སྤེལ་བ་ཡིན།
         བྱ་འགུལ་གྱི་ནང་དོན་ཐད་ལ། བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ལ་ཤེས་རྟོགས་དང་དོ་སྣང༌། རྒྱུན་སྐྱོང་དང་མུ་སྤེལ་བགྱིད་ཆེད། སློབ་གྲོགས་ཡོངས་ཀྱི་བློ་ཁ་དང་འཚམ་པར་བོད་ཀྱི་ལོ་རྒྱུས་གཙོར་བྱས་ཤིང་དམངས་ཁྲོད་ཀྱི་རྩམ་དྲི་དང་མར་དྲི་མ་ཡལ་བའི་སྲོལ་རྒྱུན་རིག་གནས(ཁེད)གབ་ཚིག་དང་གཏམ་དཔེ། དཔེ་ཆོས་སོགས་དྲི་བ100ལྷག་བོད་ཡིག་དགེ་རྒན་ལྷན་རྒྱས་དང་མཉམ་འབྲེལ་སྒོས་འདོན་སྤྲོད་བྱས་ཏེ་བརྙན་མང་གཟུགས་ཀྱི་ལམ་ནས་བྱ་འགུལ་གྱ་ནོམ་པ་ཞིག་སྤེལ་བ་ཡིན། 
 

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཤེས་རིག་འགྲན་བསྡུར་གྱི་བྱ་འགུལ་ཐེངས་ཤིག་སྤེལ།
ཁ་ལྕེ་དང་སྒྲ་གདངས་དག་གསལ་ལྡན་པའི་མདོ་འཛིན་པ།
 

  བྱ་འགུལ་གྱི་ཆ་རྐྱེན་ལ་ཡང་འཛིན་གྲྭ་རེ་ནས་སློབ་གྲོགས་གསུམ་རེ་ཚོ་ཆུང་བསྒྲིག་སྟེ་ཞུགས་ལ།  འདྲི་ཚིག་མཐའ་དག་ལོ་རྒྱུས་དང་རྒྱུན་ཤེས་སྐོར་གྱི་དྲི་བ་ཡིན་པས་ཕྱི་ལ་མ་བཀྲམ། འགྲན་ཞུགས་སློབ་གྲོགས་རྣམ་དཀར་ཚེ་རིང༌དང་། སྐལ་བཟང་བཀྲ་ཤིས། གཡང་ཕྱུག་ནོར་བུ་གསུམ་ལ་ཨང་དང་པོ་དང་ཨང་གཉིས་པའི་བྱ་དགའ་ཐོབ། སློབ་གྲོགས་རིན་ཆེན་རྡོ་རྗེ་དང་ཕག་མོ་བཀྲ་ཤིས། ལྷུན་གྲུབ་རྒྱལ་གསུམ་ལ་ཨང་གསུམ་པའི་བྱ་དགའ་ཐོབ།  གཞན་ཡང༌།  རྟིང་སྐུལ་གྱི་བྱ་དགའ་དང་འཛིན་གྲྭ་ཐུན་མོང་གི་བྱ་དགའ་སོགས་བྱ་དགའི་རྟགས་མ་གྱ་ནོམ་པ་ཞིག་ཕུལ་བས། རྒྱ་ཆེའི་སློབ་གྲོགས་ཡོངས་ཀྱིས་དགའ་བསུ་ཚད་མེད་ཐོབ་སྟེ་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་དང་བཅས་གཟབ་རྒྱས་ངང་མཇུག་རྫོགས། 

  • ལེ་ཚན་སྔོན་མ།:ཧུའུ་ཅིན་ཐའོ་ཡིས་ཙིན་དབྱིན་ཆོན་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:གཙུག་ལག་ཁང་གི་ལྡེབས་བྲིས་སྲུང་སྐྱོང་ལས་གྲྭ་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།