དཔལ་སྐྱིད་མཚོ། ཀྲུང་དབྱང་བརྙན་འཕྲིན་དྲ་བ། 2012-07-02
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། ཁོང་བཞུགས་སའི་མགྲོན་ཁང་དུ་ཞང་ཀང་དམིགས་གསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཙིན་དབྱིན་ཆོན་ལ་མཇལ་འཕྲད་གནང་།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། ཁོང་བཞུགས་སའི་མགྲོན་ཁང་དུ་ཞང་ཀང་དམིགས་གསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཙིན་དབྱིན་ཆོན་ལ་མཇལ་འཕྲད་གནང་།ཧུའུ་ཅིན་ཐའོ་ཡིས་གསུང་དོན། ཉིས་སྟོང་ལྔ་ལོའི་ཟླ་དྲུག་པ་ནས་ད་ལྟའི་བར། སྐུ་ཞབས་ཙིན་ལགས་ཀྱིས་སྲིད་འཛིན་དཔོན་པོའི་ལས་གནས་སུ་ཧུར་ཐག་སྒོས་ལོ་ངོ་བདུན་ལ་བྱ་བ་བསྒྲུབས་ལ། ལོ་ངོ་བདུན་གྱི་རིང་ལ་ཀྲུང་དབྱང་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག་ཏུ། ཁྱེད་ཀྱིས་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་འགོ་འཁྲིད་དེ་ཁྲིམས་ལྟར་སྲིད་བསྐྱངས་པ་དང་། ཕན་འབྲས་ལྡན་པའི་བྱ་བ་མང་པོ་བསྒྲུབས་ལ། ལྷག་པར་དུ་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་འཇལ་བ་དང་། མེས་རྒྱལ་དང་ནང་ལོག་བར་གྱི་བརྗེ་རེས་མཉམ་ལས་ཁྱོན་ཡོངས་ནས་གཏིང་ཟབ་དུ་སྤེལ་བ། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་སྐོར་གྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་ཞིག་གཏན་འབེབས་དང་ལག་བསྟར་བྱེད་པ། ཞང་ཀང་གི་སྲིད་འཛིན་ལམ་ལུགས་ཀྱི་འཕེལ་རྒྱས་འོས་འཚམ་གྱིས་ཐག་གཅོད་བྱེད་པ་སོགས་ཀྱི་གནད་དོན་གལ་ཆེན་ཐད་ནས། གྲུབ་འབྲས་མི་ཉུང་བ་ཞིག་བླངས་ཡོད། ཀྲུང་དབྱང་གིས་དེར་ཁས་ལེན་གང་ལེགས་བྱས་པ་ཡིན་ཟེར།ཧུའུ་ཅིན་ཐའོ་ཡིས་ཙིན་དབྱིན་ཆོན་སྲིད་འཛིན་དཔོན་པོའི་ལས་གནས་ནས་བུད་རྗེས། ད་དུང་མུ་མཐུད་དུ་ཞང་ཀང་གི་འཕེལ་རྒྱས་ལ་དོ་ཁུར་བྱེད་དགོས་པ་དང་། སྐུ་ཞབས་ལང་ཀྲུན་ཡུན་དང་སྐབས་གསར་བའི་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་དང་མཐུན་པའི་སྒོ་ནས་སྲིད་སྐྱོང་བར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་གྱིས་ཞང་ཀང་དུ་སྔར་ལས་རྒྱལ་ཁ་ལོན་པར་མུ་མཐུད་དུ་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་བའི་ཐུགས་རེ་བཏོན།ཙིན་དབྱིན་ཆོན་གྱིས་བཤད་དོན། ཀྲུང་དབྱང་སྲིད་གཞུང་གིས་ཞང་ཀང་ལ་ཐུགས་ཁུར་གནང་བ་དང་དེ་མིན་ཁོ་རང་ཉིད་ཀྱི་བྱ་བར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་།རྒྱབ་སྐྱོར་འདིར་བརྟེན་ནས་ཞང་ཀང་གིས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་དཀའ་གནད་ལས་རྣམ་པར་རྒྱལ་བ་དང་། རྒྱལ་སྤྱིའི་དངུལ་རྩ་དང་ཉོ་ཚོང་། མཁའ་འགྲུལ་ལྟེ་གནས་བཅས་ཀྱི་གོ་གནས་སྲ་བརྟན་དུ་བཏང་བ་ཡིན་ཟེར།ཁོས་བསྟན་དོན། ཀྲུང་དབྱང་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག ཞང་ཀང་བས་མུ་མཐུད་དུ་ཧུར་བརྩོན་འབད་འབངས་ཀྱི་སྙིང་སྟོབས་དར་སྤེལ་དུ་བཏང་ནས། དཀའ་ཁག་ཡོད་ཚད་ཁྱད་དུ་སེལ་ངེས་ཟེར།
ལུག་ཡེན་ཏུང་དང་ལའོ་ཧོས་མཇལ་འཕྲད་ལ་ཞུགས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10