གཙུག་ལག་ཁང་གི་ལྡེབས་བྲིས་སྲུང་སྐྱོང་ལས་གྲྭ་འགོ་ཚུགས་པ།

        2012-07-03

གཙུག་ལག་ཁང་གི་ནང་སྐོར་རྒྱག་ཡུལ་ནི་ལྷ་སའི་སྐོར་བ་རྒྱག་ཡུལ་ཆེ་གྲས་བཞི་ཡི་ནང་གི་ཐུང་ཤོས་དེ་ཡིན་པ་རེད།ནང་སྐོར་གྱི་གཞོགས་གཡས་གཡོན་གྱི་ལྡེབས་རིས་ལྕགས་ཤོག་དང་ལྕགས་རས་སྐོར་ཡོད་པ་མ་ཟད་འགའ་རེ་རས་ཀྱིས་བཀབ་ནས་རིགས་གཅིག་མཁས་ཅན་དང་ཉམས་གསོ་བྱེད་མཁན་བཟོ་པས་གཟབ་ནན་ངང་ལྡེབས་རིས་ལ་ཉམས་གསོ་བྱེད་བཞིན་ཡོད་པ་མཐོང་བྱུང་།ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ལེའང་ཆི་ཡིས་ཨར་ལས་དེ་ནི་གཙུག་ལག་ཁང་གི་ལྡེབས་རིས་སྲུང་སྐྱོང་ལས་གྲྭ་དེ་ཡིན་པ་དང་།ལས་གྲྭ་དེར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་སྒོར་ཁྲི1000ལྷག་ཙམ་བཏང་ནས་གཙུག་ལག་ཁང་ཕྱི་ནང་ཚང་མའི་ལྡེབས་རིས་སྨི་གྲུ་བཞི་མ4050ཙམ་ཉམས་གསོ་བྱ་རྒྱུ་དང་ལས་གྲྭ་དེ་འདི་ལོ་ཟླ6པར་དངོས་སུ་ལས་འགོ་ཚུགས་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
 
  • ལེ་ཚན་སྔོན་མ།:ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཤེས་རིག་འགྲན་བསྡུར་གྱི་བྱ་འགུལ་ཐེངས་ཤིག་སྤེལ།
  • ལེ་ཚན་རྗེས་མ།:ཧུའུ་ཅིན་ཐའོ་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ15འཁོར་བའི་རྟེན་འབྲེལ་གྱི་མཛད་སྒོར་ཕེབས་པ།
  • དོ་སྣང་ཆེ་བའི་རྩོམ།