ཚོན་མདོག་སྣ་དགུའི་ཀན་ལྷོའི་ཤམ་བྷ་ལ་གནས་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གསུམ་པ་བསྡུས་པ།

དབང་ཆེན་ཚེ་རིང་།    མཚོ་སྔོན་པོ་དྲ་བ།    2012-06-29

ཚོན་མདོག་སྣ་དགུའི་ཀན་ལྷོའི་ཤམ་བྷ་ལ་གནས་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གསུམ་པ་བསྡུས་པ།
ཀན་ལྷོའི་ཤམ་བྷ་ལ་གནས་སྐོར་སྒྱུ་རྩལ་དུས་ཆེན་བསྡུས་པ།

ཚོན་མདོག་སྣ་དགུའི་ཀན་ལྷོའི་ཤམ་བྷ་ལ་གནས་བསྐོར་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གསུམ་པ་ཟླ7པའི་ཚེས23ནས25བར་གཙོད་གྲོང་ཁྱེར་གྱི་དུང་ཕྲུག་རྩྭ་ཐང་དུ་བསྡུས་པ་རེད།ཐེངས་འདིའི་སྒྱུ་རྩལ་དུས་ཆེན་གྱིས“ཤིང་སློང་དུས་ཆེན་གྱི་དགྱེས་འཛོམས་ཏེ་ཤམ་བྷ་ལར་གནས་སྐོར་ལ་འགྲོ”ཞེས་པ་བརྗོད་གཞིར་བྱས་ནས་གནས་སྐོར་དང་། ཚོང་ཟོག་བརྗེ་རེས། རིག་གནས། ལུས་རྩལ་སོགས་བྱ་འགུལ་རབས་དང་རིམ་པ་སྤེལ་བ་རེད།
  སྒྱུ་རྩལ་དུས་ཆེན་དེ་ནི་གཙོ་བོ་ཀན་ལྷོ་ས་ཁུལ་གྱི་བོད་ཀྱི་དམངས་ཁྲོད་ཀྱི་ཤིང་སློང་དུས་ཆེན་དང་འབྲེལ་ནས་བསྡུས་པ་ཡིན་ཞིང་། ཀན་ལྷོ་རྩྭ་ཐང་གི་དམངས་སྲོལ་དང་བོད་ཁུལ་གྱི་དམངས་ཁྲོད་སྒྱུ་རྩལ་གྱི་ཉིང་བཅུད་གཞི་གཅིག་ཏུ་བསྡུས་ནས་རྩྭ་ཐང་གི་ཡུལ་སྲོལ་གཤིས་ལུགས་དང་མཐོ་སྒང་གི་སྐྱེ་ཁམས་གནས་སྐོར་ཚོང་དོན་གྱི་རྣམ་པ་གསར་བའི་གྲོང་ཁྱེར་གྱི་སྣང་བརྙན་གཉིས་གཞི་གཅིག་ཏུ་སྦྲེལ་ཡོད། སྒྱུ་རྩལ་དུས་ཆེན་ལ་མི་རིགས་ལག་ཤེས་ཐོན་རྫས་དང་གཟུགས་འདས་ཤུལ་བཞག་རིག་གནས་ལ་སོགས་པའི་དམངས་སྲོལ་རིག་གནས་བྱེད་སྒོ་འགྲེམ་སྟོན་སོགས་འདུས་ལ། མི་རིགས་ལུས་རྩལ་འགྲན་ཚོགས་དང་། རིག་རྩལ་འཁྲབ་སྟོན། གཙོད་གྲོང་ཁྱེར་གྱི་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན། དཔལ་འབྱོར་ཚོང་དོན་གྲོས་མོལ་དང་ལས་གཞི་མཚམས་སྦྱོར། སྦྲ་གུར་གྲོང་གི་འོས་འདེམས་བྱེད་སྒོ་སོགས་སྤེལ་བ་རེད།

  • ལེ་ཚན་སྔོན་མ།: ཧུའུ་ཅིན་ཐའོ་ཡིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཁྲིད་པའི་རིམ་པ་མཐོ་ཤོས་ཀྱི་གྲོས་ཚོགས་ཐེངས་བདུན་པར་ཞུགས
  • ལེ་ཚན་རྗེས་མ།:ཀྲུང་གོའི་བོད་ཀྱི་ལ་གཞས་འགྲན་ཚོགས་ཀན་སུའུ་འགྲན་ཁུལ་གྱི་གླུ་བ་དང་གླུ་མའི་མིང་ཐོ་བདམས་ཐོན་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།