ཀྲུང་གོའི་བོད་ཀྱི་ལ་གཞས་འགྲན་ཚོགས་ཀན་སུའུ་འགྲན་ཁུལ་གྱི་གླུ་བ་དང་གླུ་མའི་མིང་ཐོ་བདམས་ཐོན་བྱུང་བ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོའི་བོད་ཀྱི་དྲ་བ།    2012-06-29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ནས་ཤེས་གསལ་བྱུང་བ་ལྟར་ན། ཕྱོགས་མང་པོས་མཚམས་སྦྱོར་དང་ལེགས་འདེམས་བྱས་པ་བརྒྱུད། 2012ལོའི་སྐབས་དང་པོའི་ཀྲུང་གོའི་བོད་ཀྱི་ལ་གཞས་འགྲན་བསྡུར་སྟེང་ཞུགས་པའི་ཀན་སུའུ་འགྲན་ཁུལ་གྱི་གླུ་བ་གླུ་མ་བདམས་ཐོན་བྱུང་། བསྡོམས་པས་གླུ་བ་གསུམ་དང་གླུ་མ་གསུམ་ཐེངས་འདིའི་འགྲན་ཚོགས་སྟེང་ཞུགས་རྒྱུ་ཡིན་པ་སྟེ། ཁོ་ཚོ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ནས་ཐོན་པའི་མགོན་པོ་རྣམ་རྒྱལ་དང་། མེ་ཏོག་མཚོ། རིག་འཛིན་ལྷ་མོ། རྨ་ཆུ་རྫོང་ནས་ཐོན་པའི་དཀོན་མཆོག་བསམ་འགྲུབ་དང་ཚེ་རིང་སྒྲོལ་མ། བསང་ཆུ་རྫོང་ནས་ཐོན་པའི་སངས་རྒྱས་མཁར་བཅས་ཡིན།  

རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་འགྲན་ཚོགས་ནི་ས་ཁུལ་སོ་སོས་ཐོག་མར་འགྲན་བསྡུར་སྟེང་བདམས་ཐོན་བྱུང་རྗེས།  ཟླ7པའི་ཟླ་མཇུག་ལ་མཚོ་སྔོན་ཞིང་ཆེན་ཆི་ལིན་རྫོང་གནས་སྐོར་ཡུལ་ལྗོངས་ཁུལ་དུ་རྟིང་རྩོད་འགྲན་བསྡུར་སྟེང་ཞུགས་རྒྱུ་ཡིན་པ་དང་དུས་མཚུངས་སུ་སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ལ་གཞས་བགྲོ་གླེང་ཚོགས་འདུ་བསྡུ་རྒྱུ་རེད།  ། 

  • ལེ་ཚན་སྔོན་མ།:ཚོན་མདོག་སྣ་དགུའི་ཀན་ལྷོའི་ཤམ་བྷ་ལ་གནས་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གསུམ་པ་བསྡུས་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་བོད་ཀྱི་གསོ་རིག་གླིང་གིས2012ལོའི་མཐར་ཕྱིན་མཛད་སྒོ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།