རང་རྒྱལ་གྱིས་གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་པར་དེ་བས་མཐོང་ཆེན་བྱ་རྒྱུ།

(གངས་སྐྱིད་ཀྱིས་བསྒྱུར།)        2012-06-28

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཉེ་ཆར་འབྱོར་བའི་གཏམ་གསར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གི་ཉེ་ཆར《རྒྱལ་ཁབ་ཀྱི་མིའི་དབང་ཆའི་བྱ་སྤྱོད་འཆར་གཞི(2012ལོ་ནས2015ལོའི་བར)》ཁྱབ་བསྒྲགས་གནང་བ།(གཤམ་དུ《བྱ་སྤྱོད་འཆར་གཞི》)ཞེས་བསྡུས་པ། 《བྱ་སྤྱོད་འཆར་གཞི》ལ་དམིགས་ཏེ་རང་རྒྱལ་གྱིས་གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་པར་དེ་བས་མཐོང་ཆེན་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱ་རྒྱུ་རེད།
    《བྱ་སྤྱོད་འཆར་གཞི》ཐོག་བསྟན་དོན། 2012ལོ་ནས2015ལོའི་བར། རང་རྒྱལ་གྱིས་གྲངས་ཉུང་མི་རིགས་ཀྱི་ཏང་སྲིད་ཐད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་གདམ་གསེས་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། མི་རིགས་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་ནུས་རྩལ་མཁས་པའི་མི་སྣ་དར་སྤེལ་གཏོང་བའི་འཆར་གཞི་དང་ཞིང་སྡེར་མཁས་ཅན་མི་སྣ་རོགས་སྐྱོར་བྱེད་པའི་འཆར་གཞི་ལག་ལེན་བསྟར་བར་རོགས་སྐྱོར་བྱ་རྒྱུ་དང་། རྒྱུན་ཆད་མེད་པར་མི་རིགས་ས་ཁུལ་གྱི་ཞིང་སྡེར་ཁ་ཕྱོགས་གཏན་ཁེལ་བྱས་ཏེ་སྨན་བཅོས་ལས་དོན་ཡོད་ཚད་ཤེས་པའི་སྨན་པ་དང་། གདན་འདྲེན་ཞུ་བའི་ལས་རིགས་སྨན་པ། མི་རིགས་ཀྱི་སྨན་རྫས་ཐད་ཀྱི་ཆེད་ལས་མཁས་ཅན་མི་སྣ་བཅས་ལ་གསོ་སྐྱོང་བྱ་རྒྱུ་རེད།
    དེ་མིན། 《བྱ་སྤྱོད་འཆར་གཞི》ལ་དམིགས་ཏེ་རང་རྒྱལ་གྱིས་ད་དུང་ཕྱོགས་མང་པོའི་བྱེད་ཐབས་བླངས་ཏེ་སྔར་ལས་ལྷག་པར་བཅའ་ཁྲིམས་ལྟར་གྲངས་ཉུང་མི་རིགས་ཀྱི་མི་སྣས་རྒྱལ་ཁབ་དོ་དམ་བྱེད་པ་དང་སྤྱི་ཚོགས་ཀྱི་ལས་དོན་ལ་འདྲ་མཉམ་ཞུགས་པའི་དབང་ཆ་འགན་སྲུང་བྱ་རྒྱུ་དང་། གྲངས་ཉུང་མི་རིགས་ཀྱིས་སྤྱི་པའི་ཞབས་འདེགས་ཞུ་བར་ལོངས་སྤྱོད་འདྲ་མཉམ་བྱེད་ཆོག་པའི་དབང་ཆ་འགན་སྲུང་བྱ་རྒྱུ། གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དབང་ཆ་འགན་སྲུང་བྱ་རྒྱུ། མི་རིགས་ཀྱི་སློབ་གསོར་འཕེལ་རྒྱས་མགྱོ གས་པོ་གཏང་རྒྱུ། གྲངས་ཉུང་མི་རིགས་ཀྱི་རིག་གནས་དབང་ཆ་འགན་སྲུང་བྱ་རྒྱུ། བཅའ་ཁྲིམས་ལྟར་གྲངས་ཉུང་མི་རིགས་ཀྱིས་མི་རིགས་རང་ཉིད་ཀྱི་སྐད་ཡིག་སྦྱོང་བ་དང་བེད་སྤྱོད་ཀྱི་དབང་ཆ་འགན་སྲུང་བྱ་རྒྱུ་བཅས་རེད།
  • ལེ་ཚན་སྔོན་མ།:སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ལྷ་གྲུ་དགུ་བ་རྟགས་ཅན་གྱི་མཁའ་བསྐྱོད་པ་ཚོ་དང་མཉམ་དུ་སྐུད་ལམ་ནས་ཁ་བ
  • ལེ་ཚན་རྗེས་མ།: ཧུའུ་ཅིན་ཐའོ་ཡིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཁྲིད་པའི་རིམ་པ་མཐོ་ཤོས་ཀྱི་གྲོས་ཚོགས་ཐེངས་བདུན་པར་ཞུགས
  • དོ་སྣང་ཆེ་བའི་རྩོམ།