སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ལྷ་གྲུ་དགུ་བ་རྟགས་ཅན་གྱི་མཁའ་བསྐྱོད་པ་ཚོ་དང་མཉམ་དུ་སྐུད་ལམ་ནས་ཁ་བརྡ་བྱས།

རིན་ཆེན་བཀྲ་ཤིས།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-06-28

སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ལྷ་གྲུ་དགུ་བ་རྟགས་ཅན་གྱི་མཁའ་བསྐྱོད་པ་ཚོ་དང་མཉམ་དུ་སྐུད་ལམ་ནས་ཁ་བ
སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ལྷ་གྲུ་དགུ་བ་རྟགས་ཅན་གྱི་མཁའ་བསྐྱོད་པ་ཚོ་དང་མཉམ་དུ་སྐུད་ལམ་ནས་ཁ་བརྡ་བྱས།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནམ་མཁའི་ཕོ་བྲང་མིག་གི་རྒྱན་དུ་མཛེས། ། གློག་གི་རླབས་ལས་སེམས་ཀྱི་བརྩེ་བ་བརྗོད། ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཚེས26ཉིན་གྱི་སྔ་དྲོར་པེ་ཅིན་མཁའ་སྐྱོད་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་སུ་ཕེབས་ནས་ནམ་མཁའི་ཕོ་བྲང་དང་པོ་རྟགས་ཅན་གྱི་ནང་དུ་ལས་འགན་སྒྲུབ་བཞིན་པའི་ལྷ་གྲུ་དགུ་བ་རྟགས་ཅན་གྱི་མཁའ་བསྐྱོད་པ་ཅིན་ཧེ་ཕིན་དང་ལིག་ཝང་། ལིག་དབྱང་བཅས་ལ་སྐུད་ལམ་ནས་ཁ་བརྡ་བྱས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་མཛད་དེ་མཁའ་བསྐྱོད་པ་གསུམ་པོར་བརྩེ་བའི་འཚམས་འདྲི་གནང་།

    ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཅ་ཆིན་ལིན་དང་ལིས་ཁྲང་ཁྲོན། ཞི་ཅིན་ཕེན། ལིས་ཁི་ཆཱང་བཅས་ཁ་བརྡའི་བྱ་འགུལ་ལ་ཞུགས།

    རང་རྒྱལ་གྱི་མི་སྡོད་འཕུར་གྲུ་སྦྲེལ་མཐུད་ལས་འགན་ཐོག་མ་ལག་བསྟར་བྱས་པ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ལས་འགན་འདི་སྒྲུབ་པའི་མཁའ་བསྐྱོད་པ་གསུམ་པོར་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད། ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུའི་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་སོགས་མགོ་ཁྲིད་བློ་མཐུན་རྣམས་ཆེད་དུ་པེ་ཅིན་མཁའ་སྐྱོད་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་སུ་ཕེབས་ནས་མི་སྡོད་འཕུར་གྲུ་སྦྲེལ་མཐུད་ལས་འགན་གྱི་འཕེལ་རྒྱས་གནས་ཚུལ་ཡར་ཞུ་ལ་ཉན་པ་དང་ནམ་མཁའི་ཕོ་བྲང་དང་པོའི་དམིགས་འབེན་འཕུར་བསྐྱོད་འཕྲུལ་ཆས་དང་ལྷ་གྲུ་དགུ་བ་རྟགས་ཅན་གྱི་མི་སྡོད་འཕུར་གྲུ་མཉམ་སྡེབ་ཀྱི་དཔེ་དབྱིབས་དང་སྦྲེལ་མཐུད་ཀྱི་དངོས་པོར་གཟིགས། དེའི་རྗེས་སུ་མཁའ་སྐྱོད་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱི་ཚོམས་ཆེན་དུ་ཕེབས་ནས་མཁའ་བསྐྱོད་པ་རྣམས་ལ་སྐུད་ལམ་ནས་ཁ་བརྡ་བྱས།

    མཁའ་སྐྱོད་འཕུར་བསྐྱོད་ཚོད་འཛིན་ལྟེ་གནས་ཀྱི་ཚོམས་ཆེན་དུ་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་མི་སྡོད་མཁའ་བསྐྱོད་ལས་གཞི་ལ་གནང་བའི་མཛུབ་སྟོན་གལ་ཆེན་སྟེ་རྩ་འཛུགས་ནན་མོ་དང་། བཀོད་འདོམས་ནན་མོ། ལག་བསྟར་ནན་མོ་བཅས་བྱས་ཏེ། ལེགས་འགྲུབ་འབྱུང་བར་ཁེག་ཐག་དང་ནོར་འཁྲུལ་གང་ཡང་མི་འབྱུང་བར་ཁག་ཐེག་བྱེད་དགོས་ཞེས་པའི་ཡི་གེ་གསལ་བོར་བྲིས་པའི་རས་བྱང་བཀལ་ཡོད། ལས་བྱེད་མི་སྣ་ཚང་མས་སེམས་རྣལ་དུ་བབས་ནས་ལས་ཀ་བྱེད་བཞིན་འདུག སྐབས་དེར། ནམ་མཁའི་ཕོ་བྲང་དང་པོ་རྟགས་ཅན་དང་ལྷ་གྲུ་དགུ་བ་རྟགས་ཅན་གྱི་སྦྲེལ་མཐུད་དངོས་གཟུགས་དེ་ས་ངོས་དང་བར་ཐག་སྟོང་རྨིད་སུམ་བརྒྱ་དང་ཞེ་གསུམ་ཡོད་པའི་བགྲོད་ལམ་སྟེང་དུ་འཕུར་བསྐྱོད་བྱེད་བཞིན་ཡོད་ལ། འཕུར་བསྐྱོད་ཚོད་འཛིན་ཚོམས་ཆེན་གྱི་བརྙན་ལེབ་ངོས་སུ་མཁའ་བསྐྱོད་པ་ཅིན་ཧེ་ཕིན་དང་ལིག་ཝང་། ལིག་དབྱང་བཅས་ནམ་མཁའི་ཕོ་བྲང་དང་པོ་རྟགས་ཅན་ནང་དུ་ཡོད་པའི་བརྙན་གཟུགས་གསལ་བོར་འཆར་འདུག

    དུས་ཚོད་བཅུ་དང་སྐར་མ་བཅུ་དྲུག་གི་སྐབས་སུ། ཧུའུ་ཅིན་ཐའོ་བཀོད་འདོམས་སྟེགས་བུའི་སྟེང་དུ་ཕེབས་ནས་སྒྲ་དུང་ལག་ཏུ་བཟུང་སྟེ་ལྷ་གྲུ་དགུ་བ་རྟགས་ཅན་གྱི་ལས་འགན་འཕུར་བསྐྱོད་ཚོ་ཆུང་གི་མགོ་བ་ཅིན་ཧེ་ཕིན་དང་ཁ་བརྡ་བྱས།

    ཧུའུ་ཅིན་ཐའོ་ཡིས་བློ་མཐུན་ཅིན་ཧེ་ཕིན་དང་བློ་མཐུན་ལིག་ཝང་། བློ་མཐུན་ལིག་དབྱང་། ཁྱེད་ཚོས་དཀའ་ལས་མྱངས་སོང་། ངས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ནས་ཁྱེད་ཚོ་ལ་བརྩེ་བའི་འཚམས་འདྲི་བྱས་པ་ཡིན་ཞེས་བཤད་པ་དང་ཅིན་ཧེ་ཕིན་གྱིས་ཀྲུའུ་ཞི་ཁྱེད་ལ་བཀའ་དྲིན་ཆེ། རྒྱལ་ཡོངས་མི་དམངས་ལ་བཀའ་དྲིན་ཆེ་ཞེས་བཤད།  

    ཡང་ཧུའུ་ཅིན་ཐའོ་ཡིས་ཁྱེད་ཚོས་མཁའ་དབྱིངས་ནས་ཉིན་བཅུ་ལྷག་ལ་འཚོ་བ་རོལ་བ་རེད། ང་ཚོ་ཚང་མས་ཁྱེད་ཚོ་དྲན་བཞིན་ཡོད། ད་ལྟ་ཁྱེད་ཚོའི་ལུས་ཕུང་གི་བདེ་ཐང་གནས་ཚུལ་ཅི་འདྲ་རེད་ཅེས་དྲིས་པ་ན།

    ཅིན་ཧེ་ཕིན་གྱིས་ལན་འདེབས་རྒྱུར། ང་ཚོའི་ལུས་ཕུང་གི་གནས་ཚུལ་ཧ་ཅང་བཟང་། ཀྲུང་གོའི་མཁའ་བསྐྱོད་པ་ལ་མཁའ་དབྱིངས་སུ་རང་ཉིད་ཀྱི་ཁྱིམ་གཞི་ཡོད་པར་གྱུར་པས། ང་ཚོ་རླབས་ཆེ་བའི་མེས་རྒྱལ་གྱི་ཆེད་དུ་ང་རྒྱལ་དང་གཟི་བརྗིད་སྐྱེས་ཡོད་ཟེར།

    ཡང་ཧུའུ་ཅིན་ཐའོ་ཡིས་ཁྱེད་ཚོའི་གནས་ཚུལ་ཧ་ཅང་བཟང་བ་མཐོང་པས་ང་ཧ་ཅང་དགའ། ཁྱེད་ཚོའི་ལས་ཀ་ཚང་མ་བདེ་བླག་ཡིན་ནམ་ཞེས་དྲིས་པ་ན།

    ཅིན་ཧེ་ཕིན་གྱིས་ཀྲུའུ་ཞི་ལགས་ལ་ཡར་ཞུ། བྱ་བ་ཡོད་ཚད་གོ་རིམ་ཡོད་པའི་སྒོ་ནས་སྒྲུབ་བཞིན་ཡོད། ལག་འཛིན་སྦྲེལ་མཐུད་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད་ལ་མཁའ་དབྱིངས་ཚན་རིག་ཚོད་ལྟ་འཆར་གཞི་ལྟར་སྒྲུབ་བཞིན་ཡོད་ཅེས་ལན་བཏབ།

    ཧུའུ་ཅིན་ཐའོ་ཡོས་བཤད་རྒྱུར། ལག་འཛིན་སྦྲེལ་མཐུད་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དེས་རང་རྒྱལ་གྱི་བར་སྟོང་སྦྲེལ་མཐུད་ལག་རྩལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་ཡོད་པའི་མཚོན་རྟགས་ཡིན། ཁྱེད་ཚོ་རང་རྒྱལ་གྱི་མི་སྡོད་སྦྲེལ་མཐུད་ལས་འགན་ཐོག་མ་ཕྲག་ཏུ་འཁུར་བའི་མཁའ་བསྐྱོད་པ་ཡིན་པའི་ཆ་ནས་འབྲས་བུ་བཟང་བོ་བླངས་ཏེ་རང་རྒྱལ་མི་སྡོད་མཁའ་བསྐྱོད་ལས་དོན་གྱི་འཕེལ་རྒྱས་ལ་བྱས་རྗེས་འབུར་ཐོན་བཞག་ཡོད། མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོར་བཀའ་དྲིན་ཞུ། ཁྱེད་ཚོས་ནན་ཏན་སྒོས་བཀོལ་སྤྱོད་དང་གཞོགས་འདེགས་དམ་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྗེས་མཐུད་ཀྱི་ལས་འགན་ཡོངས་འགྲུབ་བྱ་རྒྱུ་ནི་རེ་བ་ཡིན། ང་ཚོ་ཚང་མ་དང་ཁྱེད་ཚོའི་ཁྱིམ་མི་ཚང་མས་ཁྱེད་རྣམ་པ་རྒྱལ་ཁ་དང་བདེ་བླག་ངང་ཕྱིར་ལོག་པར་རེ་སྒུག་བྱས་ཡོད་ཟེར།

    ཅིན་ཧེ་ཕིན་གྱིས་ང་ཚོས་ཀྲུའུ་ཞི་ཡི་མཛུབ་སྟོན་སེམས་སུ་བཟུང་ནས་ལས་འགན་ལེགས་འགྲུབ་བྱེད་ངེས་ཡིན། ཀྲུའུ་ཞི་ཁྱེད་ཀྱིས་སེམས་བདེ་མོ་བྱོས། རྒྱལ་ཡོངས་མི་དམངས་ཀྱིས་སེམས་བདེ་མོ་བྱོས་ཟེར།

    ཁ་བརྡ་མཇུག་རྫོགས་རྗེས། ཧུའུ་ཅིན་ཐའོ་དང་མགོ་ཁྲིད་བློ་མཐུན་རྣམས་ཡུལ་དངོས་ལས་བྱེད་མི་སྣ་ཡོད་སར་ཕེབས་ནས་ཚང་མར་ཕྱག་འཇུ་གནང་སྟེ། ཞིབ་འཇུག་དང་ཚོད་ལྟར་ཞུགས་པའི་མི་སྣ་ཚང་མས་ཡང་འབད་བསྐྱར་འབད་བྱས་ནས་མི་སྡོད་འཕུར་གྲུའི་སྦྲེལ་མཐུད་ལས་འགན་ཐད་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས་པའི་སྐུལ་མ་གནང་།

    ཁ་བརྡའི་བྱ་འགུལ་ཞུགས་པའི་མགོ་ཁྲིད་བློ་མཐུན་ལ་ལིག་ཡུན་ཧྲན་དང་ཞུའུ་ཚའེ་ཧི། ཀོ་པོ་ཞུང་། ཧི་ཡུང་། ལེང་ཀོང་ལེ། མ་ཁའེ་སོགས་ཡོད། །

  • ལེ་ཚན་སྔོན་མ།:པདྨ་ཚེ་བརྟན་གྱི《ཁྱི་རྒན》ད་ལོའི་ལོ་སྨད་དུ་ཨ་རི་རུ་འགྲེམ་སྤེལ་དང་བརྙན་སྟོན་བྱེད་མུས་ཡོད།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་པར་དེ་བས་མཐོང་ཆེན་བྱ་རྒ
  • དོ་སྣང་ཆེ་བའི་རྩོམ།