ཝུན་ཅ་པའོ་ཡིས་ཀྲི་ལིའི་ཙུང་ཐུང་ཕེ་ནེ་ལཱ་དང་གྲོས་མོལ་མཛད་པ།

མཚོ་མོ་སྐྱིད།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-06-28

ཝུན་ཅ་པའོ་ཡིས་ཀྲི་ལིའི་ཙུང་ཐུང་ཕེ་ནེ་ལཱ་དང་གྲོས་མོལ་མཛད་པ།
ས་དེའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཀྲི་ལིའི་ཙུང་ཐུང་བཞུགས་ཤག་ནས་ཀྲི་ལིའི་ཙུང་ཐུང་ཕེ་ནེ་ལཱ་ཡིས་ཁྱབ་ཆེ་ས་དང་ཆུང་ས་ནས་གྲོས་མོལ་མཛད།
 

ས་དེའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཀྲི་ལིའི་ཙུང་ཐུང་བཞུགས་ཤག་ནས་ཀྲི་ལིའི་ཙུང་ཐུང་ཕེ་ནེ་ལཱ་ཡིས་ཁྱབ་ཆེ་ས་དང་ཆུང་ས་ནས་གྲོས་མོལ་མཛད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཀྲི་ལིའི་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་པ་དང་། ཕྱོགས་གཉིས་ཀྱི་རང་དབང་ཉོ་ཚོང་ཆོད་དོན་གྱི་མ་དངུལ་གཏོང་བའི་ཁ་གསབ་ཆོད་དོན་གྱི་གྲོས་མོལ་ལེགས་འགྲུབ་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་མཉམ་ལས་ལམ་ལུགས་འཛུགས་རྒྱུ་མ་ཟད། ཐུན་མོང་གི་འགུལ་སྐྱོད་འཆར་གཞི་གཏན་འབེབས་བྱེད་མགོ་རྩོམ་པར་འཐད་པ་བྱུང་།

ཝུན་ཅ་པའོ་ཡིས་ཕེ་ནེ་ལཱ་ལ་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་བསྒྲགས་མཛད། ཝུན་ཅ་པའོ་ཡིས་གསུངས་རྒྱུར། ཀྲུང་གོ་དང་ཀྲི་ལིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་གཉིས་འགོར་བའི་ལོ་རྒྱུས་ལས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ནི་ཕན་ཚུན་བློ་གཏོད་པ་དང་། མཉམ་ལས་ཟོལ་མེད་བྱེད་པ། མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་གྲོགས་པོ་བཟང་བོ་ཡིན་པ་བདེན་དཔང་བྱས་ཡོད། དེང་གི་ཆར། ཀྲུང་གོ་དང་ཀྲི་ལི་གཉིས་ཀ་འཕེལ་རྒྱས་སུ་འགྲོ་བའི་གནད་འགག་གི་དུས་རིམ་དུ་བསླེབས་ཡོད་ལ། ཀྲུང་གོས་ཀྲི་ལི་ཡི་མཐོར་འདེགས་སུ་འགྲོ་བཞིན་པའི་རྒྱལ་སྤྱིའི་གོ་གནས་དང་འགྲན་རྩོད་ནུས་ཤུགས་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲི་ལི་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་དམ་པོ་བྱས་ཏེ་ཕན་ཚུན་གྱི་དགེ་མཚན་དང་དགོས་མཁོ་ཟུང་འབྲེལ་བཟང་བོ་བྱས་ནས་ལག་རྡང་མཉམ་སྦྲེལ་གྱིས་འགྲན་རྩོད་ལ་ཁ་གཏད་འཇལ་ཏེ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་སྔར་ལས་ལེགས་པོ་བྱས་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ། དེ་མིན་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་ཡར་སྐུལ་གཏོང་འདོད་ཡོད་ཟེར།

ཝུན་ཅ་པའོ་ཡིས་གཤམ་གྱི་གྲོས་གཞི་འགའ་བཏོན་པ་སྟེ། གཅིག་ནས་མྱུར་དུ་རྒྱལ་ཁབ་གཉིས་ཀྱི་རང་དབང་ཉོ་ཚོང་ཆོད་དོན་གྱི་མ་དངུལ་གཏོང་བའི་ཁ་གསབ་ཆོད་དོན་འགོད་པ་དང་དེར་ཆོག་མཆན་བཀོད་དེ། ཀྲུང་གོ་དང་ཀྲི་ལི་ཡི་རང་དབང་ཉོ་ཚོང་ས་ཁུལ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས། རྒྱལ་ཁབ་གཉིས་ཀྱིས་ཚོང་ཟོག་ཉོ་ཚོང་རྒྱ་བསྐྱེད་པའི་ཞོར་དུ་ཞབས་ཞུའི་ཉོ་ཚོང་དང་ཕན་ཚུན་དངུལ་གཏོང་ལ་སྐུལ་འདེད་བཏང་སྟེ། ལོ་གསུམ་གྱི་དུས་ཚོད་སྤྱད་དེ་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་སྒོར་མོ་ལྡབ་གཉིས་འཕར་བར་བྱེད་དགོས། གཉིས་ནས་གཏེར་ལས་ཁྱབ་ཁོངས་སུ་ཐོལ་བརྒལ་སྟབས་བདེ་ཡི་ཐོག་མའི་ཐོན་རྫས་ཉོ་ཚོང་རྣམ་པ་བཙུགས་ཏེ་ཡུན་རིང་དང་བརྟན་འཇགས། ཆུ་ཚད་མཐོ་བའི་གྲོགས་པོའི་འབྲེལ་བ་བཙུགས་ནས་ཕྱོགས་གང་ཐད་ཀྱི་མཉམ་ལས་སྤེལ་དགོས། རྒྱལ་ཁབ་གཉིས་ཀྱི་ཕུན་སུམ་ཚོགས་པའི་ཞིང་ལས་ཐོན་ཁུངས་བེད་སྤྱད་དེ་ཞིང་ལས་ཐོན་རྫས་ཉོ་ཚོང་དང་ལས་སྣོན་ཐོན་སྐྱེད་མཉམ་ལས། ཚན་རྩལ་མཉམ་ལས་བཅས་རྒྱ་བསྐྱེད་དགོས། གསུམ་ནས་ཀྲུང་གོ་ཀྲི་ལི་ཡི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཧུར་ཐག་སྒོས་ཞུགས་ཏེ། ཀྲི་ལི་དང་མཉམ་དུ་ལ་ཏིན་མེ་གླིང་ས་ཁོངས་ཀྱི་འགྲིམ་འགྲུལ་དྲ་བ་འཛུགས་འདོད་ཡོད། བཞི་ནས་རྩིས་གཞིའི་དངུལ་སྒོར་མཉམ་བརྗེ་བྱེད་པ་དང་དམངས་སྒོར་བསྡོམས་རྩིས་ཀྱི་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་དངུལ་ལོར་ལས་ཁུངས་ཀྱིས་ཕན་ཚུན་བར་དུ་ཡན་ལག་ལས་ཁུངས་འཛུགས་པར་སྐུལ་མ་གཏོང་དགོས། ལྔ་ནས་མི་ཚུལ་དང་གནས་སྐོར། ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ཇེ་ཟབ་ཏུ་བཏང་སྟེ། མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་དགོས། དྲུག་ནས་གླིང་སྣེའི་ས་ཁུལ་དང་རྒྱ་མཚོ། འཕུར་སྐྱོད། ས་འགུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྐྱེད་པ་དང་། དེ་མིན་ལྷོ་སྣེ་ཆིངས་ཡིག་གཞི་སྒྲོམ་ནང་གི་མཐུན་སྦྱོར་གཞོགས་འདེགས་ཇེ་ལེགས་སུ་གཏོང་དགོས་ཟེར།

ཝུན་ཅ་པའོ་ཡིས་ཀྲུང་གོ་ལ་ཏིན་མེ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རིམ་གལ་ཆེན་ལ་དགའ་སྤྲོ་སྐྱེས་ཡོད་པ་དང་། ཀྲི་ལི་དང་མཉམ་དུ་ཀྲུང་གོ་དང་ལ་ཏིན་མེ་གླིང་ཐུན་མོང་རྩ་འཛུགས་དང་། ཀྲུང་གོ་དང་ལ་ཏིན་མེ་གླིང་ཞི་བདེ་རྒྱ་མཚོ་ཆེན་མོའི་མནའ་འབྲེལ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཅེས་གསུངས།

ཕེ་ནེ་ལཱ་ཡིས་ཝུན་ཅ་པའོ་བརྒྱུད་དེ་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་མ་ཟད། ཀྲི་ལིའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ཝུན་ཅ་པའོ་ཀྲི་ལི་རུ་འཚམས་འདྲིར་ཡོང་བར་ལྷག་བསམ་འཁོལ་བའི་དགའ་བསུ་ཞུས། ཁོས་བསྟན་དོན། ཀྲུང་གོ་ནི་ཀྲི་ལིའི་བློ་གཏད་ཆོག་པའི་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་བཟུང་གྲུབ་འབྲས་ཀྱིས་ཕྱུག་པའི་མཉམ་ལས་སྤེལ་ཏེ་ཀྲི་ལིའི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་ནུས་ལྡན་པའི་སྐུལ་འདེད་བཏང་། ཀྲི་ལིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱས་ཏེ་སྔོན་ལ་འཕེལ་རྒྱས་སུ་གཏོང་བཞིན་ཡོད་པ་དང་། ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་ཡོད་ཅིང་ ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་ལ་སློབ་སྦྱོང་བྱེད་འདོད་ཡོད། ཀྲི་ལི་ཙུང་ལི་ཝུན་ཅ་པའོ་ཡི་གྲོས་གཞི་ལ་ཤིན་ཏུ་འཐད་པ་དང་། རྒྱལ་ཁབ་གཉིས་བར་དུ་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་གོ་སྐབས་སུ་བཟུང་ནས་ཕྱོགས་གཉིས་ཀ་འཐད་པ་བྱུང་བའི་གཅིག་མཐུན་གྱི་ལྟ་ཚུལ་ནན་ཏན་གྱིས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཛའ་མཐུན་གཉིས་ཕན་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་དུ་མཐུན་སྦྱོར་གཞོགས་འདེགས་བཟང་བོ་བྱས་ནས་ཀྲི་ལི་དང་ཀྲུང་གོའི་འབྲེལ་བ་དང་ལ་ཏིན་མེ་གླིང་དང་ཀྲུང་གོའི་བར་གྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ལ། ཀྲི་ལི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་ཀྲི་ལིའི་དངུལ་གཏོང་རྒྱ་བསྐྱེད་པར་དགའ་བསུ་བྱེད་པ་དང་། མཉམ་ལས་ཆུ་ཚད་མཐོར་འདེགས་སུ་བཏང་ནས་ཐུན་མོང་འཕེལ་རྒྱས་ལ་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར།

གྲོས་མོལ་གྲོལ་རྗེས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་ཡོད་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས་ནས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

གྲོས་མོལ་མ་མཛད་གོང་ཝུན་ཅ་པའོ་ཡིས་ཨོ་ཞི་ཅིན་སི་དྲན་གསོའི་རྡོ་རིང་ལ་མེ་ཏོག་ཕུལ་བ་དང་། ཨོ་ཞི་ཅིན་སི་ནི་ཀྲི་ལི་སྤྱི་མཐུན་རྒྱལ་ཁབ་འཛུགས་པ་པོ་ཡིན་ལ། ཀྲི་ལིའི་རང་བཙན་མཁན་པོར་གྲགས་ཡོད། ཨོ་ཞི་ཅིན་སི་དྲན་གསོའི་རྡོ་རིང་དེ་ཀྲི་ལི་རྒྱལ་ཁབ་ཀྱི་མཆོད་སྟེགས་སུ་བཀུར་ཡོད།

  • ལེ་ཚན་སྔོན་མ།:༼ གངས་ལྗོངས་རྡོར་ལུགས་ཐང་ཁ་སྤུས་ལེགས ༽ཞེས་པའི་བརྙན་དེབ་པར་དུ་བསྐྲུན།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་བཙུགས་ནས་ལོ་འཁོར་བཅོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་གྲུབ་འབྲ
  • དོ་སྣང་ཆེ་བའི་རྩོམ།