ཞི་ཅིན་ཕེན་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་བཙུགས་ནས་ལོ་འཁོར་བཅོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམ་སྟོན་མགོ་རྩོམ་པའི་མཛད་སྒོར་ཞུགས་པ།

    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-06-28

ཞི་ཅིན་ཕེན་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་བཙུགས་ནས་ལོ་འཁོར་བཅོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་གྲུབ་འབྲ
 

“སྔར་ལས་བཟང་བའི་མ་འོངས་པར་བསྐྱོད་པ་ཞེས་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་བཙུགས་ནས་ལོ་འཁོར་བཅོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམ་སྟོན”དེ་ཚེས་ཉེར་བདུན་ཉིན་རྒྱལ་ཁབ་རྟེན་མཛོད་ཁང་དུ་སྤེལ་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྲུབ་འབྲས་འགྲེམ་སྟོན་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་འགྲེམ་སྟོན་ལ་གཟིགས།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྲུབ་འབྲས་འགྲེམ་སྟོན་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་འགྲེམ་སྟོན་ལ་གཟིགས།ཞི་ཅིན་ཕེན་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་བཙུགས་ནས་ལོ་འཁོར་བཅོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་གྲུབ་འབྲ



“སྔར་ལས་བཟང་བའི་མ་འོངས་པར་བསྐྱོད་པ་ཞེས་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་བཙུགས་ནས་ལོ་འཁོར་བཅོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམ་སྟོན”དེ་ཚེས་ཉེར་བདུན་ཉིན་རྒྱལ་ཁབ་རྟེན་མཛོད་ཁང་དུ་སྤེལ་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྲུབ་འབྲས་འགྲེམ་སྟོན་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་འགྲེམ་སྟོན་ལ་གཟིགས།

“སྔར་ལས་བཟང་བའི་མ་འོངས་པར་བསྐྱོད་པ་ཞེས་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་བཙུགས་ནས་ལོ་འཁོར་བཅོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམ་སྟོན”དེ་ཚེས་ཉེར་བདུན་ཉིན་རྒྱལ་ཁབ་རྟེན་མཛོད་ཁང་དུ་སྤེལ་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྲུབ་འབྲས་འགྲེམ་སྟོན་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་འགྲེམ་སྟོན་ལ་གཟིགས།

གྲུབ་འབྲས་འགྲེམ་སྟོན་མགོ་མ་བརྩམས་པའི་སྔོན་ལ། ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཙུན་དབྱིན་ཆོན་དང་འགན་ཁུར་བར་སྒུག་པའི་སྲིད་འཛིན་དཔོན་པོ་གསར་བ་ལེང་ཀྲིན་དབྱིན་གཉིས་ལ་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར་བཅོ་ལྔ་ལོན་པའི་རིང་ལ་ཕྱོགས་སོ་སོ་ནས་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་བ་དང་། ཙུན་དབྱིན་ཆོན་གྱིས་སྲིད་འཛིན་དཔོན་པོའི་འགན་འཁུར་ནས་ལོ་བདུན་རིང་གི་བྱ་བར་ཁས་ལེན་གང་ལེགས་མཛད་པར་མ་ཟད། ཀྲུང་དབྱང་སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་གསར་དུ་བདམས་པའི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བ་དང་། བབ་བསྟུན་མདུན་སྐྱོད་དང་བརྟན་འཇགས་ཁྲོད་དུ་གོང་འཕེལ་བརྩོན་ལེན་བྱས་ནས། ཞང་ཀང་གི་འཕེལ་རྒྱས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཞི་ཅིན་ཕེན་སོགས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་དང་ཙུན་དབྱིན་ཆོན་དང་ལེང་ཀྲིན་དབྱིན་བཅས་ཀྱིས་གྲུབ་འབྲས་འགྲེམ་སྟོན་མགོ་རྩོམ་པའི་མཛད་སྒོའི་དར་ཚོན་བཅད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན་ལིག་ཡན་ཏུང་དང་ཙུན་དབྱིན་ཆོན་གཉིས་ཀྱིས་གྲུབ་འབྲས་འགྲེམ་སྟོན་མགོ་རྩོམ་པའི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ། ལིག་ཡན་ཏུང་གིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འགོར་བའི་རིང་ལ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཞང་ཀང་པས་ཞང་ཀང་སྐྱོང་བ། ཚད་མཐོན་པོའི་རང་སྐྱོང་བྱེད་ཕྱོགས་བཅས་བདེ་བླག་ངང་ལག་བསྟར་བྱས་པ་དང་། ཀྲུང་དབྱང་སྲིད་གཞུང་དང་མེས་རྒྱལ་གྱི་ནང་ལོག་ས་ཁུལ་གྱིས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་འོག འཛུགས་སྐྲུན་ལས་དོན་སྣ་ཚོགས་ཕྱོགས་ཡོངས་ནས་གོང་འཕེལ་དུ་སོང་ཞིང་། མེས་རྒྱལ་གྱི་ནང་ལོག་ས་ཁུལ་དང་བརྗེ་རེས་དང་མཉམ་ལས་བཟང་བོ་བྱས་ནས། ཁྱད་སྟོབས་གསབ་རེས་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱས་པར་མ་ཟད། ཕྱི་ཕྱོགས་འབྲེལ་འདྲིས་སྔར་ལས་ཇེ་མང་དུ་བཏང་ཟེར།

ལིག་ཡན་ཏུང་གིས་བཤད་རྒྱུར། ཀྲུང་དབྱང་སྲིད་གཞུང་གིས་མུ་མཐུད་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཞང་ཀང་པས་ཞང་ཀང་སྐྱོང་བ། ཚད་མཐོན་པོའི་རང་སྐྱོང་བྱེད་ཕྱོགས་བཅས་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བཟང་བོ་བྱེད་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་དང་དམིགས་བསལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་ཆེན་པོ་བྱེད་པ། ཞང་ཀང་གི་ལས་རིགས་སོ་སོའི་མི་སྣར་སྣེ་ཁྲིད་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པ། དམངས་གཙོ་ལ་སྐུལ་འདེད་གཏོང་བ། འཆམ་མཐུན་ལ་ཡར་སྐུལ་བྱེད་པ། ནང་ལོག་ས་ཁུལ་དང་ཞང་ཀང་གིས་ཁྱབ་ཁོངས་སོ་སོ་ནས་བརྗེ་རེས་དང་མཉམ་ལས་བྱེད་པར་ཤུགས་བསྣན་ནས། ཞང་ཀང་བརྟན་འཇགས་དང་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཙུན་དབྱིན་ཆོན་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་པའི་ལོ་བཅོ་ལྔ་ནི་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན། ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱིས་ཤུགས་ཆེན་པོས་རྒྱབ་སྐྱོར་དང་ཐུགས་ཁུར་བྱས་པ་དང་། ཞང་ཀང་སྡོད་དམངས་ཀྱི་བརྟན་བརླིང་འགྱུར་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་ཐེངས་མང་པོར་དངུལ་ལོར་དང་སྤྱི་བའི་འཕྲོད་བསྟེན། དེ་མིན་འགྲན་རྩོད་ཆེན་པོ་གཞན་དག་ལ་ཁ་གཏད་འཇལ་ནས་གྲུབ་འབྲས་བཟང་བོ་བླངས། ཐེངས་འདིའི་འགྲེམ་སྟོན་ལས་མེས་རྒྱལ་གྱི་སྤུན་ཟླ་མི་རིགས་ལ་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་པའི་ལོ་བཅོ་ལྔའི་གྲུབ་འབྲས་དང་། དེ་མིན་མཛེས་སྡུག་རྣམ་པར་བཀྲ་བའི་གྲོང་ཁྱེར་གྱི་རྣམ་པ་དང་ལས་རིགས་སོ་སོའི་འཕེལ་རྒྱས་གསར་བ། མ་འོངས་པའི་རེ་བ་དང་འཆར་གཞི་བཅས་གསལ་བོར་ངོམས་ཡོད་ཟེར།

དེའི་རྗེས་སུ་ཞི་ཅིན་ཕེན་དང་ཙུན་དབྱིན་ཆོན། ལེང་ཀྲིན་དབྱིན་སོགས་ཀྱིས་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཐེངས་འདིའི་འགྲེམ་སྟོན་ནི་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འགོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེ་ལ་དོན་སྙིང་གལ་ཆེན་ལྡན་ཞིང་འགྲེམ་སྟོན་བྱས་པ་ཧ་ཅང་བཟང་། འགྲེམ་སྟོན་བྱས་པ་བརྒྱུད་ནས་ནང་ལོག་ས་ཁུལ་གྱི་མང་ཚོགས་ཀྱིས་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་རྗེས་ཀྱི་འགྱུར་ལྡོག་དང་བླངས་པའི་གྲུབ་འབྲས་ལ་སྔར་ལས་རྒྱུས་ལོན་ཟབ་མོ་བྱེད་ཐུབ་པར་མ་ཟད། མི་རྣམས་ཀྱི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ངོས་ཟིན་དང་ཡིད་ཆེས་ཇེ་བརྟན་དུ་འགྲོ་བ་དང་། མ་འོངས་པར་ཞང་ཀང་དང་ནང་ལོག་ས་ཁུལ་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་འགྲོ་བར་ཕན་པ་ཡོད་ཟེར།

གྲུབ་འབྲས་འགྲེམ་སྟོན་དེ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་གཙོ་བསྒྲུབས་བྱས་པ་དང་། འགྲེམ་སྟོན་ནང་དུ་མགོ་བརྗོད་དང་། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་པ་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས། ནང་ལོག་ས་ཁུལ་དང་ཞང་ཀང་གིས་མཉམ་ལས་བྱས་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་པ། ང་ཚོ་བརྒྱུད་མྱོང་བའི་འཚོ་བ། ཞང་ཀང་དང་ཨེ་ཤ་ཡའི་རྒྱལ་སྤྱིའི་ཚོགས་འདུ། སྔར་ལས་བཟང་བའི་མ་འོངས་པ་བཅས་ཁག་དྲུག་ཏུ་བགོས་ཡོད། འགྲེམ་སྟོན་དེས་པར་རིས་དང་ཡི་གེ། དངོས་པོ་བཅས་ལ་བརྟེན་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་བཙུགས་ནས་ལོ་བཅོ་ལྔའི་རིང་ཐོབ་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་གསལ་བོར་མཚོན་ཡོད།

ལིན་ཅི་ཧྭ་དང་ལེའོ་ཧོས། ཏུའུ་ཆིན་ལིན་སོགས་གོང་གི་བྱ་འགུལ་ལ་ཞུགས་པ་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འབྲེལ་ཡོད་དཔོན་རིགས། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཀྱི་རྒྱུན་ཨུ། ཀྲུང་གོར་སྡོད་པའི་རྒྱལ་ཁབ་ཁ་ཤས་ཀྱི་གཞུང་ཚབ་པ། ལས་རིགས་སོ་སོའི་མི་སྣའི་འཐུས་མི་སོགས་མི་དྲུག་བརྒྱ་ལྷག་གྲུབ་འབྲས་འགྲེམ་སྟོན་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་འགྲེམ་སྟོན་ལ་བལྟས།

  • ལེ་ཚན་སྔོན་མ།:ཝུན་ཅ་པའོ་ཡིས་ཀྲི་ལིའི་ཙུང་ཐུང་ཕེ་ནེ་ལཱ་དང་གྲོས་མོལ་མཛད་པ།
  • ལེ་ཚན་རྗེས་མ།:པདྨ་ཚེ་བརྟན་གྱི《ཁྱི་རྒན》ད་ལོའི་ལོ་སྨད་དུ་ཨ་རི་རུ་འགྲེམ་སྤེལ་དང་བརྙན་སྟོན་བྱེད་མུས་ཡོད།
  • དོ་སྣང་ཆེ་བའི་རྩོམ།