གཙུག་ལག་ཁང་གི་ལྡེབས་བྲིས་སྲུང་སྐྱོང་ལས་གྲྭ་འགོ་ཚུགས་པ།

    བོད་ལྗོངས་གསར་འགྱུར་དྲ་བ།    2012-06-27

གཙུག་ལག་ཁང་གི་ནང་སྐོར་རྒྱག་ཡུལ་ནི་ལྷ་སའི་སྐོར་བ་རྒྱག་ཡུལ་ཆེ་གྲས་བཞི་ཡི་ནང་གི་ཐུང་ཤོས་དེ་ཡིན་པ་རེད།ཉེ་ཆར་གསར་འགོད་པས་ནང་སྐོར་གྱི་གཞོགས་གཡས་གཡོན་གྱི་ལྡེབས་རིས་ལྕགས་ཤོག་དང་ལྕགས་རས་སྐོར་ཡོད་པ་མ་ཟད་འགའ་རེ་རས་ཀྱིས་བཀབ་ནས་རིགས་གཅིག་མཁས་ཅན་དང་ཉམས་གསོ་བྱེད་མཁན་བཟོ་པས་གཟབ་ནན་ངང་ལྡེབས་རིས་ལ་ཉམས་གསོ་བྱེད་བཞིན་ཡོད་པ་མཐོང་བྱུང་།ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ལེའང་ཆི་ཡིས་ཨར་ལས་དེ་ནི་གཙུག་ལག་ཁང་གི་ལྡེབས་རིས་སྲུང་སྐྱོང་ལས་གྲྭ་དེ་ཡིན་པ་དང་།ལས་གྲྭ་དེར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་སྒོར་ཁྲི1000ལྷག་ཙམ་བཏང་ནས་གཙུག་ལག་ཁང་ཕྱི་ནང་ཚང་མའི་ལྡེབས་རིས་སྨི་གྲུ་བཞི་མ4050ཙམ་ཉམས་གསོ་བྱ་རྒྱུ་དང་ལས་གྲྭ་དེ་འདི་ལོ་ཟླ6པར་དངོས་སུ་ལས་འགོ་ཚུགས་ཡོད་ཅེས་གསར་འགོད་པར་བཤད་བྱུང་།  ། 
  • ལེ་ཚན་སྔོན་མ།:རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གྱིས་འབྲུ་རིགས་ཐོན་སྐྱེད་ནུས་པ་སྔར་ལས་ཇེ་ཆེར་བཏང་པ།
  • ལེ་ཚན་རྗེས་མ།:གེ་སར་རིག་གནས་དམངས་ཁྲོད་དུ་སྲུང་སྐྱོང་ལེགས་པོ་ཐོབ་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།