བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་དུ་རྨོ་བསྐྱུར་ནགས་སྐྲུན་བྱ་བ་སྤེལ་བར་གྲུབ་འབྲས་མངོན་གསལ་ཐོབ་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-07-05

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2004ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་དུ་སྔ་གཞུག་ཏུ་རྨོ་བསྐྱུར་ནགས་སྐྲུན་ལས་གཞི་ཐེངས་བརྒྱད་ལ་ལག་བསྟར་བྱས་པ་དང་། ལས་གཞི་དེའི་ནང་། ས་མུའུ་བྱེ་བ་གཉིས་དང་ས་ཡ་བཞི་འབུམ་བདུན་ཁྲི་གསུམ་གྱི་སྟེང་རྩྭ་ར་བསྐོར་བ་དང་། ས་མུའུ་ས་ཡ་བདུན་དང་འབུམ་གཉིས་ཁྲི་གསུམ་གྱི་སྟེང་རྩྭ་གསབ་འདེབས་བྱས་ལ། ལས་གཞི་དེའི་ཐད་བསྡོམས་པས་མ་དངུལ་སྒོར་མོ་དུང་ཕྱུར་དྲུག་དང་བྱེ་བ་ལྔ་འབུམ་གསུམ་ཁྲི་བརྒྱད་བཏང་། ལས་གཞི་ལག་བསྟར་བྱས་པ་བརྒྱུད། ཕན་འབྲས་ལྡན་པའི་སྒོ་ནས་རྩྭ་ས་ཉམས་ཞན་དུ་འགྲོ་བ་དང་། བྱེ་ཐང་ཅན་དུ་འགྱུར་བ། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་མངོན་གསལ་སྒོས་ལེགས་བཅོས་བྱས་པར་མ་ཟད། རྨོ་བསྐྱུར་ནགས་སྐྲུན་བྱ་བའི་གྲུབ་འབྲས་སྲ་བརྟན་དང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རྩ་ཆེན་མང་པོར་ཕན་འབྲས་ལྡན་པའི་སྲུང་སྐྱོབ་ཐོབ།  
  • ལེ་ཚན་སྔོན་མ།:ལི་ཁྲང་ཁྲུན་གྱིས་ལེའོ་ཉིན་དུ་རྟོག་ཞིབ་མཛད།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་རོང་བ་མང་ཚོགས་ཀྱིས་ཆོས་སྐོར་དུས་ཆེན་རོལ་བ།
  • དོ་སྣང་ཆེ་བའི་རྩོམ།